| | e-texts navigator
|
47b1 བཞིན་དུཿབཅིངས་པ་མེད་ཅིང་གྲོལ་བ་ཡང་མེདཿདབྱེར་མེད་མཐའ་གཉིས་མི་གནས་ཤིང་\ུ0f7fཆགས་མེད་ཆགས་དང་བྲལ་བ་མེདཿརྣལ་འབྱོར་བཞི་དང་སྐུ་ལྔ་དང་\ུ0f7fཡེ་ཤེས་འཕྲིན
47b2 ལས་མ་ལུས་པཿསྣང་མེད་ཚུལ་གྱི་སྣང་བ་དེཿངའི་ཡོན་ཏན་ཤེས་པ་ཡིནཿདེ་བས་རིགས་ཀྱི་བུ་ཁྱེད་རྣམསཿངའི་ཇི་ལྟར་བ་ཤར་པའིཿཡོན་ཏནི་ཆེན་པོ་འདི་ལོངས་ལཿ
47b3 སྨན་པ་བར་མ་མཆོག་ཏུ་གྱིསཿཡུལ་དང་དངོས་པོ་ལམ་རྒྱུན་དང་\ུ0f7fཁམས་དང་བྱེད་པ་ལས་རྣམས་ཀུནཿལ་སྨན་པས་ཡོང་མེད་པསཿད་བས་ང་ཉིད་ཀུན་ཏུ་བཟང་། \ུ0f7fཆེ་བའི
47b4 མཆོག་ཏེ་མཆོག་ཏུ་གྱུར། ཞེས་གསུངས་སོ། བཅོམ་ལྡན་འདས་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལསཿཡོན་ཏན་གྱི་ཚོགས་ཉེ་བར་བསྡུས་པའི་ལེའུ་སྟེ་བདུན་པའོ།
47b5 དེ་ནས་གཙོ་ཆེན་ཧེ་རུ་ཀ་སཿའདུས་པའི་འཁོར་ལ་འདི་སྐད་གསུངསཿཁྱད་པར་བསྒྲུབ་པ་རྒྱལ་བའི་བཀའཿསྣང་སྲིན་སྣང་བར་ཤར་བའི་སྐུཿརྒྱུ་གཉེས་རྐྱེན་གསུམ་ལས
47b6 བྱུང་པཿསྐུ་གསུང་ཐུགས་ཀྱི་དངོས་གྲུབ་འདིཿབདེ་ཆེན་མཉམ་ཉིད་ཐུགས་ཀྱི་དང་\ུ0f7fབདག་འཛིན་རྣམ་རྟོགས་ཤེས་རབ་སྐུཿཆགས་པ་ཀུན་བྲལ་སྐྱེ་མེད་དབྱིངསཿགཉིས
47b7 མིང་དོན་ལས་སྣ་ཚོགས་སྟོནཿའདི་ནི་དོན་གྱི་བདུད་རྩིའོཿམ་སྐྱེས་ཀུན་བཟང་ཆེ་བའི་མཆོགཿབདེ་ཆེན་གླེང་འདུས་དབྱིངས་ཕྱུག་མཿཉོན་མོངས་རྣམ་དག་རིགས་ཀྱི་གཙོ
iiif viewer powered by OpenSeadragon
47a - 48a