e-texts navigator
Collection
Volume
Page
Wylie

260a1 བྱའི་གཟུགས་བྱས་ནས། སྙིང་ཁར་མིང་གི་ཡི་གེ་དང་ལྡན་པར་བྱས་ལ། འཁོར་ལོའི་ནང་དུ་གཞུག་པར་བྱ་སྟེ་སྤྲེའུ་ཡི་རྒྱུས་པས་དཀྲི་བར་བྱའོ།། དེ་ནས་རང་གི་མདུན་དུ་ཁམས་ཕོར་གྱིས་ནང་དུ་བཞག་ལ། སྔགས
260a2 ཐལ་ཆེན་དང་ཡུང་དཀར་ཡ་བཟླས་ལ་གདབ་པར་བྱ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ། སུ་པྲ་ཏི། ཨ་མུ་ཀཱ་མོ་ཧ་ཡ་མོ་ཧ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཆོ་ག་འདི་དུས་གསུམ་བྱས་ལ་བསྒྲུབ་བྱའི་ཉལ་སར་སྦས་ན་རྨོང་པར་འགྱུར་བ་འམ། གཞོག
260a3 ཕྱེད་སྐམས་ནས་འཆི་བར་འགྱུར་རོ།། དེ་ནས་གཞན་ཡང་ཨུད་པ་ལོའི་མེ་ཏོག་དང་ཙན་དན་དམར་པོ་དང་ཨ་བ་ར་ཙིཏྟི་བ་ཁུ་བས་སྣག་ཚ་བྱས་ལ་མེ་ཏོག་དམར་པོ་ལ། ཨོཾ་མ་ཧཱ་ཀ་ལ་ཡ། ཥཱི་དན་ཨ་མུ་ཀ་ཨ་ཀར་ཥ་ཡ། ཨ་ཀར་ཥ་ཡ
260a4 ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྲི་ཁ་ལྷོ་ནུབ་ཏུ་བལྟས་ལ་དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱས་ལ་མེ་ཏོག་ལ་མངོན་པར་སྔགས་ཏེ། སྐྱེས་པ་འམ་མོ་བཙུན་གྱི་ལུས་སམ་གྲིབ་མ་ལ་ཕག་པ་ཙམ་གྱིས་ལུས་སམ་གྲིབ་བམ
260a5 ལ་ཕོག་པ་ཙམ་གྱིས་དེ་མ་ཐག་ཏུ་འགུགས་པར་འགྱུར་རོ།། དེ་ནས་གཞན་ཡང་ལ་བཅུ་གཉིས་མའི་ཐོད་པ་ཚེས་བཅཝ་ལྔའི་ཉིན་པར་བདུད་རྩི་ལྔས་བྱུག་ལ། མེ་ཏོན་དམར་པོའི་ཡུ་བ་ལ་སྨྱུག་གུས་བྱས་ཏེ། རྒྱལ་པོ་འམ་བློན་པོའི་གྲོང་ཁྱེར
260a6 དུ་ཁ་ལྟས་ཏེ། ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱས་སྟེ། འཁོར་ལོའི་རྩིབས་ལ་ཡི་གི་ཧྲི་དཀོད་པར་བྱ། དབུས་སུ་ཨོཾ་མཧཱ་ཀ་ལ་ཡ། པྲ་བུད་ཏཥྨ་ད་ནག་ད་རེ། ཨ་མུ་ཀ་པ་ཤ~ཾ་ཀི་ར་ན~ཾ། བཱ་ཤི་ཀར་ཧཱུ~ཾ་ཏྲི་ཧྲི་ཧྲི་སཧཱ། ཞེས་བྲི་བ
260a7 བྱའོ།། དེ་ནས་མེ་ཏོག་དམར་པོས་ཐོད་པ་བཀང་ལ་དཔལ་ནག་པོ་ཆེན་པོའི་བསམ་གཏན་གྱིས་མངོན་པར་བསྔགས་ན། ཐོད་པའི་མེ་ཏོག་དྲི་དང་ལྡན་ཏེ་གཡོ་བར་འགྱུར་རོ།། དེ་འི་ཚོ་ཐོང་པའི་མེ་ཏོག་དེ་དཔལ་ནག་པོའི་བསམ་གཏན་གྱིས།




iiif viewer powered by OpenSeadragon

259b - 260b

Texts on this page

Gkk2.16 - dpal nag po chen po drag po'i brtag pa dur khrod chen po rgyud