| | e-texts navigator
|
25b1 དང་\ུ0f7fདུས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་ལག་ན་རྡོ་རྗེ་འཆང་བ་སྲས་ཀྱི་ཐུ་བོ་ཆེན་པོ་དང་བཅས་པ་རྣམས་རབ་དུ་དགྱེས་ཡིད་རངས་པས་འོད་ཟེར་གྱི་རྣམ་པ་དཔག་ཏུ་མེད་པར
25b2 གྱུར་ནསཿཡང་ཁམས་གསུམ་པའི་དངོས་པོ་མ་ལུས་པར་སྦྱངས་ནསཿབཅོམ་ལྡན་འདས་ཀྱི་སྐུ་ལ་ཐིམ་པར་གྱུར་ཏོཿབཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཉིད་ནི་ཡུམ་དང་གཉིས་སུ
25b3 མེད་པར་སླར་ཡང་\ུ0f7fཆོས་ཉིད་ཞི་བའི་གློང་རྣམ་པར་དག་པའི་དབྱིངས་དེ་ཉིད་དུ་གནས་ཏེ་བཞུགས་ནསཿཕྱི་མའི་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་དག་ལ་རང་བཞིན་གྱིས་དགོངས་ནས་མི
25b4 འདའ་བ་ཉིད་དུ་མཛད་དོ།། ཞི་བ་འདུས་བརྩ་བའི་རྒྱུད། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དགོངས་པ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་སློབ
25b5 དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙ་བ་བཱི་རོ་ཙ་ནས་བསྒྱུར་ཞིང་བྲིས་ཏེ་གཏན་ལ་ཕབ་པའོ།། རྒྱལ་པོ་བླང་བའོ།། གཏེར་རྒྱཿསྤྲས་རྒྱཿགཏང་རྒྱ
25b6 རྒྱ་གར་སྐད་དུཿཤྲི་བ་ག་བ་ན་མ་ཧ་ཧེ་རུ་ཀ་བི་རུ་ཏན་ཏྲ་ན་མཿབོད་སྐད་དུཿདཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཞེས་བྱ་བཿབཅོམ་ལྡན་འདས་དཔལ་ཀུན
25b7 ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ནཿབཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ཆེན་པོ་དེཿའོག་མིན་གྱི་གནས
iiif viewer powered by OpenSeadragon
25a - 26a