e-texts navigator
Collection
Volume
Page
Wylie

258a1 འགྲུབ་པ་ནི།། སྔགས་ཀྱི་ཆོ་ག་འདི་དག་བཤད།། ཨོཾངམ་དུཥཱན་ཁ་ཁ་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བན་དྷ་བན་དྷ། ཧ་ན་ཧ་ན། ར་ཧ་ད་ཏ། བཙ་བ་ཙ། ད་ནི་མེ་ཀེ་ན་ཧཱུ~ཾ་ཕཊ་སཱ་ཧ། འདི་ནི་ནག་པོ་རྩ་བ
258a2 སྔགས། ཆོ་གའི་སྔགས་དང་བཅས་པར་བཤད་དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོ་མཁའ་འགྲོ་མའི་འཁོར་དང་བཅས་པ་གཟི་བརྗིད་དང་ལྡན་པར་བྱང་ནས། བཅོམ་ལྡན་འདས་ལ
258a3 གསོལ་པ། སྔགས་ཀྱི་ཆོ་གའི་རིམ་པ་རྣམས།། བསྒྲུབ་པའི་དོན་དང་ལྡན་པར་ནི། དེ་བཞིན་བདག་ལ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ནག་པོ་ཆེན་པོ་དང་། མཁའ་འགྲོ་མའི་ཚོགས་ལ་གཟིགས་ནས།
258a4 འདི་སྐད་ཅེས་བཀའ་སྩལ་ཏོ།། གང་ཞིག་དཔལ་ལྡན་ནག་པོ་ཆེན་པོ་བསྒྲུབ་པར་འདོད་པས། དུར་ཁྲོད་ཆེན་པོའི་གནས་འབྱུང་པོ་དང་རོ་ལངས་འདུ་བའི་གནས་སུ་སོང་ལ། བདུད་རྩི་རྣམ་པ་ལྔས་ལུས་བྱུག་ཏེ། ཨུ་པ་ཀཱ་བི་མེ
258a5 ཏོག་དང་། དུར་ཁྲོད་སྦྱར་བའི་སྤོས་དང་། མར་ནག་ཆེན་པོའི་མར་མེ་དང་། ཤ་ཆེན་གྱིས་ལྷ་བཤོས་དང་། ཁྲག་གི་ཨརྒ་དང་། དེ་དག་བསམ་གཏན་དང་ལྡན་པར་སྔགས་ཀྱིས་མཆོད་པར་བྱ་སྟེ། གཙོ་བོ་དང་མཁའ་འགྲོ་མ
258a6 སྔགས་བཟླས་ན་དེ་མ་ཐག་ཏུ་བསྙེན་པར་འགྱུར་རོ།། དེ་ནས་ཐོད་པ་དུམ་བུ་དྲུག་པའི་ནང་དུ། ནིམ་པའི་ལོ་མ་དང་སྤྲེའུ་ཤིང་གི་ཁུ་བ་དང་། རྒྱ་སྐྱེགས་ཀྱི་ཁུ་བ་དང་། དུར་ཁྲོད་སྣག་ཆ་དང་སྦྱར་ལ། བདག་ཏུ་ལྷོ་ཕྱོགས་སུ་ལྷས
258a7 འུག་པའི་སྒོ་ཡིས་སྐྱུག་གུས་བསྒྲུབ་བྱའི་གཟུགས་བྲིས་ནས། དུར་ཁྲོད་ཀྱི་ཐལ་བ་དང་། ཆུ་འགྲམ་གྱིས་ཐོད་པ་བཀང་ལ་སྔགས་འདི་བཟླས་ནས་ཤིང་གཅིག་གི་རྩར་སྔོས་ན་དེ་མ་ཐག་ཏུ་ཁྲག་སྐྲག་པར་འགྱུར་རོ།། ཨོཾ་མ་ཧཱ་ཀཱ་ལ




iiif viewer powered by OpenSeadragon

257b - 258b

Texts on this page

Gkk2.16 - dpal nag po chen po drag po'i brtag pa dur khrod chen po rgyud