e-texts navigator
Collection
Volume
Page
Wylie

24b1 ཐ་དད་མཐོང་བ་འབྲས་བུ་སྟེ། གྲུབ་པའི་དངོས་པོ་ཡོད་མ་མྱོང་\ུ0f7fན་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དུཿའོག་མིན་གསང་བའི་ཕོ་བྲང་སྣང་\ུ0f7fཞིང་གི་བཀོད་པ་སྣ་ཚོགས་དགཿམེད་པ
24b2 ཉིད་ཀྱིས་ཕྱོགས་བཅུར་ཁྱབཿལྔ་དང་བརྒྱད་དང་དྲུག་དག་གིསཿརྣམ་པར་ཕྱེ་དང་མྱོང་བ་དང་\ུ0f7fསྣ་ཚོགས་རིགས་ཀྱི་འཁོར་ལོའི་ཚོགསཿརྟོག་པ་རང་བྱུང་ངོ་བོའི་ལུསཿསྐྱེ་འགག་རྟག
24b3 ཆད་འགྲོ་དང་འོངཿཡོད་མེད་མཐའ་ལས་རབ་འདས་ཤིང་\ུ0f7fགདོད་ནས་གནས་དང་སྒོམ་པ་དང་\ུ0f7fཞིང་དང་ཚོམ་བུ་འཁོར་ལོ་དང་\ུ0f7fཐབས་དང་ཤེས་རབ་ཅིག་ཉིད་ཀྱིསཿབརྟགས
24b4 ཤིང་སྣང་བ་ཙམ་དུ་འགྱུརཿམཆོག་གྱུར་དམན་དང་འབར་མའི་སྐུཿསྣ་ཚོགས་ལས་ཀྱང་སྣ་ཚོགས་ཏེཿརིགས་དང་ཐུན་པའི་བདག་པོ་ལསཿཆོས་ལྷག་ཡུལ་དུ་འགྱུར་བ་ཡིནཿ
24b5 གནས་སྐབས་མཐར་ཐུགས་དུས་དང་ཐབས། ཐུན་མོངས་ཁྱད་པར་ཡོངས་སུ་འབྱུང་\ུ0f7fམ་ལུས་པ་དང་མ་ནོར་བའོ།། རང་དང་གཞན་གྱི་སྣང་བ་ཡིསཿཡོད་དང་མེད་པའི་འཐར་འཛིན
24b6 པཿཤེས་དང་མི་ཤེས་རྟོག་པ་སྤང་\ུ0f7fདེ་ལ་སྒྲིབ་བྱེད་ཁོ་ནའི་དངོསཿསྡིག་ཏེ་ལས་ཀྱི་དྲི་མ་དགཿརྩ་བ་ཡན་ལག་བཅས་པ་ཡིསཿལས་ཀྱི་མཐའ་ཡིས་དེ་མི་མཐོང་\ུ0f7fབསླབ་ཅིང
24b7 བསྡོམ་པ་བསྲུང་ལས་ཉམསཿདམན་པའི་ལས་ལས་ཆེར་ལྷག་པའིཿཉོན་མོངས་པ་ལ་ས་རང་དགའ་བསཿཐར་མེད་གནས་ཀྱིས་སྒྲིབ་པའིཿཏིང་ངེ་འཛིན་དང་སྤྲུལ་པ་དང




iiif viewer powered by OpenSeadragon

24a - 25a

Texts on this page

Gkk2.1 - de bzhin gshegs pa zhi ba thams cad 'dus pa rtsa ba'i rgyud chen po