| | e-texts navigator
|
242b1 དུ།། དབང་མ་བསྐུར་བས་མི་བསྒྲུབ་ཅིང་།། གྲི་གུག་དང་ནི་ཐོད་པ་དང་།། ཕུར་བུ་དང་ནི་ཐད་དང་།། སུལ་བསྟན་པར་མི་བྱ་སྟེ།། རྡོ་རྗེ་སློབ་དཔོན་མི་སྨད་ཅིང་།། གསང་བ་ལ་ནི་བརྙས་མ་བྱ།། ནག་པོའི་རྒྱུད་དང་ངམ་རྫས་ནི།། སྣོད་མི།
242b2 བ་ལ་བསྟན་མི་བྱ།། ནག་པོའི་གྲུབ་རྟགས་བྱུང་གྱུར་ན།། ལས་ལ་སྦྱར་བ་མ་བྱས་ན།། ནག་པོའི་དམ་ཚིག་ཉམས་གྱུར་ཏེ།། སྔགས་པ་དེ་ནི་འཆི་བར་འགྱུར།། སྦལ་བའི་ཞིང་དུ་མ་གྱུར་པའི།། སྐྱེ་བོ་རྣམས་ལ་བྱས་གྱུར་ན།། ནག་པོའི
242b3 དམ་ཚིག་ཉམས་གྱུར་ཏེ།། བསྒྲུབ་པ་པོ་རང་གནོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་དེ་གད་ཅེས་བཀའ་སྩལ་ཏོ།། ནག་པོའི་ཆུང་ངུར་ཁྲོད་ནག་པོ་ལས་དམ་ཚིག་བསྲུང་བའི་ལེའུ་སྟེ་བཅུ་གཉིས་པའོ།།
242b4 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ནག་པོ་ཆེན་པོའི་འཁོར་དང་བཅས་པ་རྗེས་སུ་ཡི་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བར་བསྟོད་དོ།། དཔལ་ནག་པོ་ཆེན་པོའི་རྒྱུད་རྟོགས་པ
242b5 བཅུ་གཉིས་པ་ཞེས་བྱ་བ་རྫོགས་སོ།། ། བླ་མ་ནག་པོ་འཛིན་དེང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། དཔལ་ནག་པོ་ཆེན་བསྐུ་གསུང་ཐུགས
242b6 ཁྲོས་པའི་རླུང་བཞུགས། རྒྱ་གར་སྐད་དུ། ཤྲཱི་ཀ་ལ་མཧཱ་ཀཱ་ལ་ཝཱག་སིཿ་ཀྲོ་ཏ་ཙྪིན་མ། བ་སད་དུ། དཔལ་ནག་པ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ཞེས་བྱབ
242b7 ཁྲག་འཐུང་འདུས་པའི་གཙོ་བོ་བུདྡྷ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བསྟན་པའི་དུས་ཅིག་ན། ཆོས་ཉིད་རྣམ་པར་མ་ཕྱེ་བའི་ཞིང་ཁམས་རྒྱན་ཡོངས་སུ་བཀོད་པ། དཀར་སར་དམར་ལྗང་མཐོང་གའི་ཨེ་གྲུ
iiif viewer powered by OpenSeadragon
242a - 243a