e-texts navigator
Collection
Volume
Page
Wylie

241b1 དུ་མེའི་ས་བོན་སྦྱིན། དབྱངས་ཡིག་གསུམ་པས་མནན་པར་བྱ། ལྔ་པའི་ལྔ་པ་དང་། མཐར་གནས་པའི་བཞི་པ་དང་། དང་པོའི་དང་པོ་དང་། ཨནྟ་སྠའི་གསུམ་པ་དང་། དྲན་པའི་མཐར་ནི་གསོད་བྱེད་གདགས། སྙིང་པོའི་སྔགས་བཏུ་བའོ། རྣམ
241b2 བླངས་པ་དང་པོར་སྦྱིན། ལྔ་པའི་ལྔ་བ་དང་། མཐར་གནས་པའི་བཞི་པ་དང་། མི་ནིང་བཞིའི་དང་པོ་དང་། བཞི་པའི་མཐའ་ལ་དབྱངས་ཡིག་བཅུ་གཅིག་པ་སྦྱར་བ་དང་། དབྱངས་ཡིག་བཅུ་གཅིག་ཐས་ལ། མཐར་གནས་པ
241b3 གཉིས་པ་ལ། གསུམ་པའི་དང་པོ་འོག་དུ་གདགས། དབྱངས་ཡིག་གསུམ་པ་མནན་པ་དང་། ཡང་ན་ཡི་གེ་བཞི་པའི་སྒྲ། དྲུག་པོའི་དང་པོ་དང་། ལྔ་པའི་མཐའ་མ་དང་། དབྱངས་ཡིག་གསུམ་པས་མནན་པ་དང་། བཞི་པའི
241b4 གཉིས་པ་ལ། བཞི་པའི་དང་པོ་གདགས་པ་དང་། བཞི་པའི་དང་པོ་ལ། འོག་དུ་མེའི་ས་བོན་སྦྱིན། དེ་ནས་བཞི་པའི་དང་པོ་ལ། བཞི་པའི་མཐའ་མ་བཞག་པར་བྱ། ཡང་ན་བཞི་པའི་དང་པོ་ལ། འོག་དུ་མེའི་ས་བོན་གངས
241b5 ཨནྟ་དྷའི་དང་པོ་དང་། ལྔ་པའི་དང་པོ་དང་། མཐར་གནས་པའི་བཞི་པ་དང་། མ་ནིང་བཞི་པའི་གཉིས་པ་དང་། གསུམ་པའི་ཐ་མ་ལ། ལྔ་པའི་ཐ་མ་བཞག། ཨནྟ་དྷའི་དང་། བཞི་པའི་དང་པོ་ལ། དབྱངས་ཡིག་གསུམ་པ་གཞག
241b6 པའོ།། ལྔ་པའི་དང་པོ་ལ་འོག་དུ་མེའི་ས་བོན་གདགས། བཞི་པའི་དང་པོ་ལ། དབྱངས་ཡིག་གསུམ་པ་བཞག་པ་དང་། དེ་ནས་གཉིས་པའི་གསུམ་པ་བརྗོད། མཐར་གནས་པའི་གསུམ་པ་ལ། ལྔ་པའི་ཐ་མ་འོག་དུ
241b7 གདག་པ་དང་། ཨནྟ་དྷབི་གཉིས་པ་དང་། མཐར་གནས་པའི་གསུམ་པ་དང་། དབྱངས་ཡིག་གསུམ་པ་སྦྱར་བ་དང་། གསུམ་པའི་དང་པོ་ལ། དེའི་ཐ་མར་ལྡན་པ་དང་། དེ་ནས་དབྱངས་ཡིག་གསུམ་པ་དང་། གསུམ་པོའི




iiif viewer powered by OpenSeadragon

241a - 242a

Texts on this page

Gkk2.14 - dpal nag po chen po'i rgyud dur khrod nag po