e-texts navigator
Collection
Volume
Page
Wylie

235a1 བླ་རྩི་དྲི་ཆུ་ཙན་ངན་གཉིས།། གཽ་རོ་ཙན་སྦྱར་བ་ནི།། དེ་དག་གྲུབ་པའི་ངམ་རྫས་ལགས།། ཁྲུ་རེ་བ་ལ་རིམ་པ་གསམ།། རིམ་བཞིན་ཕྱག་སོར་གསུམ་པའི་ཚད།། དབུས་མིན
235a2 པར་ནི་ནབ་པོ་སྟེ།། དེའི་རྒྱབ་ནི་ཟླུམ་པོ་སྟེ།། རྒྱར་ནི་ཟུར་གསུམ་དམར་པོར་བྱ།། རྩིབས་བརྒྱད་ཕྱེད་ཆ་ནག་པོར་བྱ།། མུ་ཁྱུད་སོར་གསུམ་དང་པོ་དམར།། གྲི་གུག་དམར་སྐྱའི་ཕྱེད་དང་རཾ།། བསྒྲུབ་པའི་དཀྱིལ
235a3 འཁོར་དེ་ལྟར་ལགས།། ཕྱག་གི་ཐོད་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཤིན་ཏུ་ཟླུམ་ལ་ཚངས་ཆག་གཅིག། སྤྱི་བོ་ཅུང་ཟད་འབུར་བ་དང་།། ཤིང་ལོ་གཉིས་དང་སེ་འབུར
235a4 ལྡན།། གྲི་གུག་མཚན་ཉིད་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སོར་བཅུ་རྡོ་རྗེའི་ཡུ་བ་ཅན།། ཡུ་བའི་རྩ་བར་ཧཱུཾ་གནས་པར།། སོ་ནི་ཟླ་ཕྱེད་ལྟ་བུར་བྱ།། ཐང་ག་བྲི་བ་ཇི
235a5 ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རས་ཆེན་ཤིན་ཏུ་མཉན་པ་ལ།། རོའི་སྒྲ་ཡིས་ཐིག་ཏབ་ལ།། འོག་ཏུ་རྡོ་རྗེའི་བྲག་སྟེང་དུ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྲི།། དེ་སྟེ
235a6 ཞིང་གཉིས་སྩོལ་བར་བྲི།། ཉི་མའི་དཀྱིལ་འཁོར་སེར་པོར་བྲི།། དེ་སྟེང་སྐུ་ཚད་ཁྲུ་གངའ་བ།། ཁ་དོག་ནག་པོ་སྤྱན་གསུམ་པས།། མཆེ་བ་ལྗང་ངེར་གཙིགས་པའོ།། རལ་པ་ནག་པོ་གྱེན་དུ་གཡེངས།། བརྒྱ
235a7 བྱེད་ལྔ་བཅུའི་དོ་ཤལ་བྱས།། ཐོད་པ་ལྔ་ཡི་དབུ་རྒྱན་བྱས།། སྟག་གི་ལྤགས་པས་སྨད་དཀྲིས་ཤིང་།། ནག་པོ་སྦྲུལ་གྱི་ཡན་ལག་བརྒྱན།། ཁ་ནས་ཁྲག་འཛག་སྤྱན་དམིགས་དམར།། གཡས་ཀྱི་གྲི




iiif viewer powered by OpenSeadragon

234b - 235b

Texts on this page

Gkk2.14 - dpal nag po chen po'i rgyud dur khrod nag po