e-texts navigator
Collection
Volume
Page
Wylie

234b1 ནག་པོ་གཅེར་བུའི་རྒྱུད་ལས་གཏད་པའི་ལེའུ་སྟེ་བཅུ་གཉིས་པའོ།། མགོན་པོ་ནས་པོ་གཅེར་བུའི་རྒྱུད་རྟོགས་སྷོ། !རྒྱ་གར་སྐད་དུ། མཧཱ་ཀཱ་ལ་ཏནྟྲ་མ་ག་ལ་ཀཱ
234b2 ནམ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ཅེས་བྱ་བ་དཔལ་ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དུར་ཁྲོད་གསིལ་བ
234b3 ཆལ་ན། ནག་པོ་ཆེན་པོ་འཁོར་མ་མོའི་ཚོགས་དང་བཅས་པ་ལ་ཆོས་སྟོན་ཏེ་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་ལ་གསོལ་པ། བདག་གི་སྐྱེ་རྒྱུད་ཇི་ལྟར་ལགས།། ཁས་བླངས་དོན་ནི་ཇི་ལྟར་ལེགས།། རྟགས
234b4 དང་མཚན་མ་ཇི་ལྟར་ལགས།། བསྒྲུབས་པའི་རྫས་ནི་ཅི་ལ་བྱ།། བསྒྲུབ་པའི་དཀྱིལ་འཁོར་ཇི་ལྟར་ལགས།། དེ་སྐད་ཅེས་སྨྲས་པ་དང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མ་ནི་དུར་ཁྲོད་བེ་ཏ་ལི།
234b5 ཕ་ནི་དགའ་རབ་དབང་ཕྱུག་ལ།། མས་ཕྱིན་ཕྱག་མཐོང་ཁྲག་འཛིན།། ཕས་ཕྱིན་ཕྱག་གི་གྲི་གུག་ལས།། ཐམས་ཅད་ཀུན་ལ་འཚེ་བར་བྱེད།། བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས།། ལག་ཏུ་རྡོ་རྗེ་བྱིན་ནས་ནི།།
234b6 འདས་དང་མ་བྱོན་ད་ལྟར་གྱི།། བསྟན་པ་བསྲུང་བར་ཞལ་གྱིས་ཞེས།། ཁྱི་དང་མི་ནོག་ས་གཡོས་དང་།། གྲིབ་གནོན་ལྟ་བུར་འོང་བ་ནི།། ནག་པོ་ཆེན་པོ་གྲུབ་རྟགས་ཡིན།། མོན་སྲིན་གྲེའུ་འཛམ་བུ་སྟེ།
234b7 ཤིང་ཐོག་རྣམ་པ་སྣ་ཚོགས་དང་།། མེ་ཏོག་རྣམ་སྣ་ཚོགས་དང་།། བདུག་སྤོས་དྲི་མཆོག་ལྡན་པ་དང་།། བ་གླང་ཤ་དང་རྟ་ཤ་དང་།། ཁྱི་ཤ་དག་དང་ཤ་ཆེན་དང་།། གླང་ཆེན་ཤ་དང་རྣམ་པ་ལྔ།




iiif viewer powered by OpenSeadragon

234a - 235a

Texts on this page

Gkk2.13 - nag po chen po gzugs can gcer bu'i rgyud
Gkk2.14 - dpal nag po chen po'i rgyud dur khrod nag po