| | e-texts navigator
|
234a1 དག་གོ།། མཚན་ཆ་དག་ནི་རྣམ་པ།། ལྕགས་ཕྱེ་ཟངས་ཕྱེ་རྡོ་དང་།། ཟིར་ཉུངས་ཀར་མཆོག་ཏུ་གསུངས།། དུགས་ཀྱང་ཐང་ཕྲོམ་བསྲུབ་མ་ཡིན།། འབྲུམ་བུ་རབ་དུ་ཚ་བ་དང་།། ཚ་བ་གསུམ
234a2 གྱི་ཐུན་གྱིས་རྡེག། ཉིན་དགུ་མཚན་དགུ་ལན་གསུམ་དུ།། བདག་ཉིད་གཅེར་བུར་ཕྱུང་ནས་ནི།། དྲག་པོ་ཆེན་པོའི་ཏིང་འཛིན་ནི།། ཞིང་གི་གདན་ལ་གཡོན་བརྐྱང་བཞུགས།། གྲི་གུག་རྣོན་པོ་ཤན་པའི་གྲིས།། དྲག་གཟུགས
234a3 གཏུབ་ཏེ་མེ་ལ་བསྲེག།། ཡང་བཅས་དེ་ནི་ཞག་བདུན་དུ།། གསང་སྔགས་བརྒྱ་ཕྲག་རེ་རེ་བཟླས།། གསད་པའི་སྔགས་དང་སྤེལ་བྱས་ནས།། མྱུར་དུ་བཕོ་བར་ཐེ་ཚོམ་མེད།། གསད་པའི་མཆོག་ཏུ་ཤ་རུས་ཁྲག། བྱས་པ
234a4 དཀྱིལ་འཁོར་ཆེན་པོ་ཡང་།། ནག་པོ་བདུན་བརྩེགས་དག་ཏུ་བྱ།། དྲག་སྔགས་ཀྱིས་ནི་ཞག་བདུན་དུ།། ཤིན་ཏུ་བཏུན་ཏེ་ལས་བྱའོ།། ནག་པོ་གཙོར་བུའི་རྒྱུད་ལས། དྲག་སྔགས་བདུན་གྱིས་གསང་བའི་ལེའུ་སྟེ་བཅུ་གཅིག
234a5 པའོ།། །། ལྷའི་བུས་གསོལ་པ། ལེགས་སོ་ལེགས་སོ་ལེགས་པར་གསུངས།། བཟུང་ངོ་བཟུང་ངོ་ངམ་དུ་བཟུང་།། བསྟན་པ་གནས་པར་བྱ་ཕྱིར་བཟུང་།། དེ་ནས་གང་ཟག་བདག་གིས་བཀའ་སྩལ་པ།། །
234a6 ནག་པོ་ཆེན་དྲག་པོ་འདི།། གསང་སྔགས་ངམ་ལ་གནས་པ་དང་།། བསྟན་པ་ཡུན་དུ་བསྐྱང་བའི་ཕྱིར།། ལྷའི་བུ་ནི་ཁྱོད་ཀྱིས་བཟུང་།། དཀོན་མཆོག་གསུམ་པོ་འཇིག་རྟེན་དུ།། ནུབ་པར་མི་འགྱུར་བྱ་བའི་ཕྱིར།། བསྟན
234a7 པ་བསྲུང་བའི་རྒྱུད་མཆོད་འདི།། སྐུ་གསུང་ཐུགས་ལས་ཕྱུང་མཛད་དེ།། ལས་ཀྱི་མགོན་པོ་ཁྱོད་ལ་གཏང་།། ལས་ཀྱི་མགོན་པོ་ཐམས་ཅད་ཀྱང་།། བཐུན་པར་རྫས་སུ་ཡོད་རང་སྟེ།། བཅོམ་ལྡན་འདས་ལ་མངོན་པར་བསྟད་པ།
iiif viewer powered by OpenSeadragon
233b - 234b