| | e-texts navigator
|
228b1 གཅིག་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རི་རབ་ཆེན་པོའི་སྟེང་ན། བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་ཏེ། དེའི་རི་རབ་ཀྱི་བྱང་ཤར་ལྷ་མ་ཡིན་གྱི་གྲོང་ཁྱེར་གསུམ་བརྩེགས་ཞེས་བྱ་བ་ན། ལྷ་མ་ཡིན་གྱི
228b2 རྒྱལ་པོ་ཆེན་པོ་ཧེ་ར་ན་ཕག་ཤུག་ཅེས་བྱ་བ་གནས་སྟེ། ལྷ་རྣམས་ལ་འགྲན་ཏོ།། འགྲན་པས་ལྷ་རྣམས་འཕམ་པར་གྱུར་ཏོ།། ལྷ་རྣམས་འཔལ་ཆེར་ལྷའི་ཡུལ་ནས་འཕོས་པར་གྱུར་ཏོ།། དེ་ནས་ལྷ་རྣམས་ཀྱི
228b3 བསམ་པ། ལྷའི་བདག་པོ་ཆེན་པོ་དབང་ཕྱུག་ཆེན་པོའི་བུ། ལེགས་ལྡན་ནག་པོ་ཅེས་བྱ་བ་ལྷ་མ་ཡིན་གྱི་རྒྱལ་པོ་འདུལ་བར་འདྲ་སྟེ། ལེགས་ལྡན་ནག་པོ་ག་ན་བ་དེར་ལྷ་རྣམས་འདུས་ཏེ་སྨྲས་པ། ལྷ་ཆེན་པོ
228b4 ལགས་ལྷའི་གནས་འདིར་ལྷ་མ་ཡིན་གྱི་རྒྱལ་པོའི་འོངས་པར་མི་ཤེས་སོ།། འདི་དག་གིས་ནི་ལྷའི་རྒྱལ་སྲིད་ཀྱང་འཕམ་ལ་ཉེའོ།། དེའི་ཕྱིར་ཁྱེད་ཉིད་ཀྱིས་མཐུ་དོམ་ཅིག། ཅེས་སྨྲས་སོ།། ལྷ་ཆེན་པོ་དེས་བསམ
228b5 བས། ལྷ་མ་ཡིན་གྱི་རྒྱལ་པོ་འདི་ནི་མཚོན་ཆས་མི་འཇིག་པ་ཡིན་ཏེ། དུག་དང་འབྱུང་བ་ཆེན་པོས་ཀྱང་མི་འཇིག་པས་དྲང་སྲོང་གིས་དམོད་པས་ཀྱང་སྡིག་པར་མི་འགྱུར་ཏེ། འདི་ཐབས་ཇི་ལྟ་བུས་བརླག་པར་གྱུར་ཞེས
228b6 བསམ་པ། དེ་ལ་ནི་སྔགས་ཀྱི་མཐུ་འབའ་ཞིག། ཞིག་གིས་མཆོག་ཏུ་འགྱུར་བར་ཤེས་ནས། ལྷའི་བུ་ཆེན་པོ་དེ་རང་གི་གནས་ག་ལ་བ་དེར་དོང་སྟེ། ལྕང་ལོ་ཅན་གྱི་ཕོ་བྲང་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྱན་སྔར
228b7 འདུག་ནས། ལན་གསུམ་དུ་གསོལ་པ། ཀྱེ་ནག་པོའི་ཕྱོགས་ཅན་ལྷ་མ་ཡིན་འདིས་ལྷའི་བུ་རྣམས་འཕམ་པར་བྱས། དཀར་པོའི་ཕྱོགས་རྣམས་ནག་པོར་གྱུར་ན། འདི་དོན་བདག་ལ་དབང་ཆེན་གསོལ། ཞེས
iiif viewer powered by OpenSeadragon
228a - 229a