| | e-texts navigator
|
212b1 བ་མི་སྤྱོད་ཅིང་\ུ0f7fགསུང་བཞིན་སྒྲུབ་པ་རབ་ཏུ་སྤྲོཿབཅོམ་ལྡན་རྡོ་རྗེ་འཛིན་ཁྱོད་ཀྱིཿཇི་ལྟར་སྔགས་པའི་ལས་རྣམས་ནིཿངག་ཅག་ནུས་པས་མྱུར་དུ་སྒྲུབཿབྱིན་གྱིས་རླབས་པ་གཙོར་མཛོད་ཅིག། ཞེས་གསོལ
212b2 ནསཿརང་དེངས་ཤིང་ཕྱིན་པར་གྱུར་ཏོཿབཅོམ་ལྡན་འདས་ཀྱིས་འོད་ཟེར་གྱི་བཀོད་པ་རྣམས་དང་དྷརང་གི་འཁོར་གྱི་སྣང་བ་ཐམས་ཅད་ཀྱང་ཉིད་ཀྱིས་སྐུའི་དབྱིངས་སུ་བསྡུས་ཤིང་སྐུ་ཉིད་ཀྱང་ཆོས་ཀྱི་སྐུའི་རང་བཞིན་དུ
212b3 གནས་པར་མཛད་དོཿདྲག་སྔགས་འདུས་པ་རྩ་བའི་རྒྱུད་ལསཿའཕྲིན་ལས་ཀྱི་གཉེར་ཕུལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། རྩ་དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཞེས་བྱ་བ་རྫོགས
212b4 སོ། རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འ་བྱུང་གནས་དང་\ུ0f7fབོད་ཀྱི་ལོ་ཚ་བ་བདག་བེ་རོ་ཙ་ནས་བསྒྱུར་ཅིང་ནུས་སྟེ་གཏན་ལ་ཕབ་པའོཿ།
212b5 རྒྱལ་པོའི་བླ་དཔེའོ། གཏེར་རྒྱཿ་སྦས་རྒྱཿགཏང་རྒྱའོ།། བཀྲ་ཤིསཿརྒྱ་གར་སྐད་དུ།
212b6 ཤྲཱི་མནྟཀཱ་ལཱ་གུཿ། མརྠ་ས~ཾདྡྷིམཧཱ་ས་བྷཱ་བ་ནཱ། ཟད་སྐད་དུ། དཔལ་མཚན་གྱིས་གནས་མཆོག་ལྷུན་གྱིས་གྲུབ་པཔང་བླང་མ་ག། བྱང་ཆུབ་སེམས་དབབ་དུས་དང་བཅས་པ།
212b7 ཁྲོ་བོ་རྔམ་པའི་རོལ་པ་དང་། འཇིག་རྟེན་གྱི་དྲེགས་པ་ཙན་ཕོ་མོ་དམོད་པའི་མཚོན་ཆ་ཅན་དང་། ལྷ་དང་མཁའ་འགྲོ་མ་མང་པོ་འདུས་པའི་དབུས་ན། ཆོས་ཉིད་ལས་སྐུ་བཞེངས་ཏེ། དྲེགས་པ་ཅན
iiif viewer powered by OpenSeadragon
212a - 213a