| | e-texts navigator
|
212a1 ཆེན་རྣམས་ཀྱང་ནུས་པར་སྤྱོདཿམཐུ་སྟོབས་ནུས་པ་བསྙེམས་པ་ཡིསཿགཞན་གྱི་བརྫིབ་མི་ནུས་ཤིང་། རང་གི་དབང་དུ་ཁྲུག་པ་དང་\ུ0f7fབསྒོ་བ་རྫོབ་པ་མེད་པར་འགྱུརཿཞེས་བཀའ་སྩལ་ཏོ།།
212a2 དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལསཿབསྟོད་པ་ཡོན་ཏན་བརྗོད་པའི་ལེའུ་སྟེ་བཅུ་པའོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོའི་ཉིད་ཀྱི་སྐུ་འཇིག་བྱེད་ཆེན་པོའི་ཆ་ལུགས་སུ་སྤྲུལ
212a3 པ་དེ་ཐུགས་ཆོས་ཉིད་ཞི་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནསཿསྐུའི་གནས་ཐམས་ཅད་ལས་བོད་ཟེར་གྱི་དྲ་བ་དཔག་ཏུ་མེད་པ་བྱུང་ནས་ཕྱོགས་བཅུའིཿའཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེགས་པ་ཅར
212a4 གནས་ཐམས་ཅད་ཁྱབ་པར་མཛད་ནསཿམ་རུངས་ཤིང་གདུག་པ་དང་\ུ0f7fགཏུམ་པོའི་སེམས་དང་། \ུ0f7fབསམ་པ་ཐམས་ཅད་མ་ལུས་པར་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེཿཕན་པ་དང་བདེ་བ་དང་\ུ0f7fགནོད་པ་མེད་པ
212a5 དང་\ུ0f7fཙེ་བ་དང་ཡིད་དགའ་བ་དང་བཅས་པས་ཕྱོགས་དེར་སྣང་བར་གྱུར་ནསཿཐམས་ཅད་ཀྱི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོཿསྐྱེ་མ་བཅོམ་ལྡན་རྡོ་རྗེ་འཆང་\ུ0f7fཁྱོད་ཀྱི་བསྟན
212a6 པ་གསང་ཆེན་འདིཿམ་འོངས་པའི་དུས་ངག་ཏུཿརབ་ཏུ་རྒྱས་པར་འགྱུར་ཞིག་ན། བདག་ཅག་འཇིག་རྟེན་དྲེགས་པ་ཅན། ཞི་བ་སེམས་སུ་གནས་བྱས་པས། རྗེས་སུ་སྤྱོང་བ་གང་ཡིན་པཿདེ་ལ་ཕན་པ་རྒྱས་པར་བསྐས
212a7 འཕྲིན་ལས་དང་ནི་ལྷ་སྤྱོད་ཀྱིསཿཁྱབ་པ་དེ་ལ་ཡངས་རྫོགས་ཤིང་\ུ0f7fགྲོགས་དང་བྲན་དང་དམངས་བཞིན་དུཿགང་གི་བསྒོ་བ་དེ་བཞིན་གྱིསཿདམ་ཚིག་པའི་ཡོན་ཏན་དང་\ུ0f7fརོལ་པའི་ཏིང་འཛིན་ལྡན་དེ་ལཿབཀའ་ལ་བདབ
iiif viewer powered by OpenSeadragon
211b - 212b