e-texts navigator
Collection
Volume
Page
Wylie

208a1 རྫསཿདམ་ཚིག་མཆོད་ཅིང་སྟོང་པའོ།། སོ་སོར་སྔགས་པའི་ལས་ཁུང་དུ་ཟོང་ངན་འབྲུན་ག་དུག་ཁྲག་གཡོས། རྒྱུ་གསུམ་ཕུར་བ་མཚོན་ཆ་རྣམསཿགསང་བཐུན་གྱི་རྫས་ཡིན་ནོ། རྨ
208a2 ཁྲག་གསུམ་དང་དྲི་ངན་གསུམཿསྲོག་ཆགས་གསུམ་དང་རྨ་རྫས་གསུམཿཐབས་རྫས་གསུམ་དང་སྲེག་རྫས་གསུམཿརྟེན་པ་གསུམ་དང་དྲིལ་བ་གསུམཿབཞག་པ་གསུམ་དང་དབབ་པ་གསུམཿཀུན་རྫོགས་ཙོ་ལ
208a3 བའི་སྦྱོར་བའི་ཡིསཿཆུ་དྲག་དབབ་པ་ངེས་པ་འགྲུབཿརིགས་ཡུལ་སྣོད་དང་མཆོད་རྫས་དང་\ུ0f7fགདས་སྦྱོར་བྱང་ཆུབ་སྲིད་འདོར་བློསཿལེགས་བླངས་ཡིད་ཀྱི་མཐུན་སྤྱད་པསཿགང་ལ་དམིགས་པ་དེར་གཏད་པས། \ུ0f7fཆོས
208a4 སྐུའི་གཟུགས་རྙན་རྟེན་ཁ་ལཿསྟེང་འོག་གནས་གསུམ་བདག་པ་གསུམཿརྒྱ་མཚོའི་གཏིང་དང་རི་རབ་ཟུརཿབར་སྣང་ཁམས་དང་ན་མཁའི་དབྱིངསཿབསྲུང་དང་ཟློག་དང་གསད་པའི་ལསཿདམག་དཔུང་བསྡུ་དང
208a5 དཔལ་བསྐྱེད་དང་\ུ0f7fརབ་ཏུ་ཁྲོས་དང་སྦྱོར་བ་བཞིགཿལས་ཀྱི་ཕ་རོལ་སྨོད་པ་ཟློགཿངན་པའི་ཐོད་པ་སྣ་གསུམ་དང་\ུ0f7fཤིས་པ་མ་ཡིན་བརྒྱད་དུཿརྟེན་ཅིང་འབྲེལ་པ་འབྱུང་སྦྱོར་བསཿདམིགས་པའི་ནུས་སྟོབས་གཞོན་པར
208a6 བྱེད་ཁྱེད་པར་ལས་ཀྱི་བྱེ་བྲག་གིསཿརྒྱལ་པོ་ཡ་རབས་རྗེ་དཔོན་དང་\ུ0f7fཆུང་མ་སློབ་དཔོན་མཁན་པོ་དང་། རང་བྱུང་ཁྱིམ་པ་སྔགས་སྐྱོང་དང་\ུ0f7fཕྱི་རོལ་ཕྱོགས་དང་ཆོས་ཀྱི་འཕྲོག། ཆེ་བ་ཙན་དྲེགས་པས་སྙམ་པ་དང་ང་རྒྱལ
208a7 ལྡན་ཞིང་སྐལ་པ་བཟང་\ུ0f7fཀུན་གྱིས་བཀུར་ཞིང་བརྗོད་པ་དང་། སེམས་རྒྱུད་བསྲེས་དང་ཡུལ་གྱིས་དྲིན། ཉེ་བར་བསྟན་ཅིང་སློབ་སྐྱོང་གནསཿལྷག་པ་ལྷ་ཡིས་རབ་སྦྱངས་ཏེ། ཐུན་མོང་ནུས་པའི་སྟོབས་རྙེད་ཅིང་།




iiif viewer powered by OpenSeadragon

207b - 208b

Texts on this page

Gkk2.10 - drag sngags 'dus pa rdo rje rtsa ba'i rgyud