e-texts navigator
Collection
Volume
Page
Wylie

207b1 མི་ཁྱབཿདྲེགས་པའི་བདག་པོ་སོ་སོའིཿརང་བཞིན་དགོས་པའི་བྱེ་བྲ་གིསཿདུས་གསུམ་སངས་རྒྱས་བསྟན་པ་དགཿཚུལ་ལྡན་བསྲུང་བའི་དབང་ཕྱུག་ཅནཿདྲག་སྔགས་ལས་ཀྱི་སྤོད་པ་ལཿབརྒྱད་དང་བཅུ་གཉིས་བཅུ་དྲུག
207b2 གིསཿནུས་པ་རྫུ་འཕྲུལ་མཐུ་ལ་སོགསཿརང་གི་རིགས་ལ་གང་སྔགས་པཿདེ་དང་དེ་ལ་རབ་སྦྱར་བཿལས་ཀྱི་མཐའ་ལ་གང་དམིགས་པཿརྡོ་རྗེ་ཅན་གྱིས་ཡོངས་གྲུབ་ཏེཿདེའི་སྟོབས་དང་ནུས་པ་དང་\ུ0f7fམཐུ་དང་རྫུ
207b3 འཕྲུལ་ཡོན་ཏན་ཚོགསཿལུས་ངག་ཡིད་ཀྱི་རབ་བ་བད་པཿགང་ཡིན་དེ་ལ་མངོན་པར་འབྱུང་\ུ0f7fདེ་ཡིས་ཐུན་མོངས་ཡོངས་གྲུབ་ཅིང་\ུ0f7fམཐོང་དེ་པ་ཡང་ལེན་པར་བྱེདཿའདི་ལ་མ་འོངས་རྟོག་པ་ཅནཿཐེ་ཚོམ་བསྐྱེད
207b4 པར་མ་བྱེད་ཅིགཿང་དང་རྒྱལ་བ་ཐམས་ཅད་ཀྱིཿའདི་ནི་རབ་ཏུ་སྔགས་པའོ།། ཞེས་བཀའ་སྩལ་ཏོ། དྲེགས་སྔགས་འདུས་པརྩ་བའི་རྒྱུད་ལསཿདྲེགས་ཅན་གྱི་སྡེ་རིགས་དབྱེ་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།
207b5 དེ་ནས་རྡོ་རྗེ་འཛིན་པ་ཡིསཿལས་ལ་སྦྱར་བའི་རིམ་པ་གསུངསཿདུར་ཁྲོད་ཆུ་གླིང་རི་ཙེ་དང་\ུ0f7fཆུ་འདུས་དམ་འགྲོག་འཇིག་སུ་རུང་དྷ་ཕུང་ཤུལ་ནམས་ཁྲོད་མ་རུངས་པ། དྲེགས་པ་ལས་ཀྱི་གནས་ཡིན་ནོ།། མི་རུས་མི
207b6 བསང་ཕུང་ཤུལ་སཿདུར་ཟད་པེ་ཏ་རུལ་ཚོད་ལཿསྨིན་པ་དྲི་ཆེན་མ་རུངས་ཁྲགཿལས་ཀྱི་རྟེན་འབྲེལ་དམིགས་པའི་རྫསཿརྟ་ནག་དྲི་ནག་མ་ཧེ་དང་\ུ0f7fཆུ་གླང་དང་ནི་སྟག་སེང་དང་\ུ0f7fརྟ་ཀར་ནེ་ལེ་རྒོད་དཀར་དང་\ུ0f7fདོམ་ནག་རྔུཿ
207b7 བན་གླང་དང་\ུ0f7fའབྲུག་འཕྲོད་རྨ་བྱ་རུས་སྦལ་དང་\ུ0f7fབྱ་ཁྱི་ཀུ་ཀུ་ཤེལ་དང་མིཿརྒྱལ་མཚན་ཐོད་པ་སྙིང་དང་ཁྲགཿབདུད་རྩིས་འབྲུ་བཅུད་བྱང་ཆུབ་སེམསཿརང་གཟུགས་སྙིང་པོ་འཁོར་ལོར་བཅསཿརྒྱན་ལྡན་པ་ཤོས་ཚ་ཐུན་པའི




iiif viewer powered by OpenSeadragon

207a - 208a

Texts on this page

Gkk2.10 - drag sngags 'dus pa rdo rje rtsa ba'i rgyud