e-texts navigator
Collection
Volume
Page
Wylie

206b1 རང་གཞན་ཀུན་ལ་འཚེ་ཞང་གཅོདཿགནས་ངན་ལེན་གྱིས་ཁ་ཁྲིད་བྱསཿལེགས་པའི་ལམ་དུ་ཉེས་པར་སྤྱོདཿམ་རིག་རྩ་བ་ཡན་ལག་གིསཿགཏི་སུག་མུན་ཐིབས་བདུད་དང་ཀླུཿང་རྒྱལ་སྟོབས་ཀྱི་དྲེག་པ་དགཿལྷ་དང་རྒྱལ
206b2 པོ་ཞེས་པར་འགྱུརབ་ཕྲ་དོག་གཟབ་དང་གཤིན་རྗེའི་རིགསཿའདོད་ཆགས་མ་མོ་གནོད་སྦྱིན་རིགསཿཞེ་སྡང་བཙན་དང་སྲིན་པོར་གོ་ལཿསྲོག་ལ་འབེབས་པས་བདུད་ཞེས་བྱཿཡི་དགས་ཤིན་ངོག་རྣམས་ཀྱི་རྗེཿཕྲ་མོར
206b3 རྒྱུ་བ་སྟེང་ཞིང་གྲགསཿདེའི་དོན་གྱི་སྲིན་པོར་འབྱུང་\ུ0f7fགང་གིས་གནོད་སྦྱིན་བྱེད་པའིཿདེའི་རིགས་དང་མཚན་ཉིད་དོཿགང་ལས་སྐྱེས་པ་མ་མོ་སྟེཿསྐྱོབ་བྱེད་ནུས་པ་ལྷ་ཡིན་ནོ། གདུག་ཅིང་གཏུམ་པས་མི་འཆོར་བ
206b4 གཟའ་ཞེས་བྱ་བར་བརྗོད་པ་ཡིནཿབླུན་ཞིང་མྱོས་པས་ཀླུ་ཞེས་བྱཿབགྲོ་བ་རིགས་དྲུག་སོ་སོ་ལསཿབདུད་དང་ལྷ་ནི་མ་ཡིན་ཏེཿགནོད་སྦྱིན་གཟའ་དང་རྒྱུ་ཀར་བཅས། རྒྱལ་ཆན་རིགས་པཞི་ལྷའི་སྡེདྷམ་མོ་སྲིན་པ་མ
206b5 སྡེ། གཤིན་རྗེ་ཡི་དགས་སྡེ་ཡིན་ཏེཿཀླུ་ནི་བྱལ་སོང་སྡེ་ཡིན་ནོ།། བདུད་རིགས་པོ་དང་མོའི་རིགསཿཡེ་ནས་གནས་དང་བློ་བུར་བྱུང་\ུ0f7fཐབས་དང་མྱོས་དང་དྲེགས་པར་བྱེད། སྲེད་དང་ཆགས་པར་བྱེད་པ་ཏེཿགཤིན་རྗེལ
206b6 དང་ཞི་བ་སྟེ། གཟུགས་ཅན་གཟུགས་མེད་དབང་ཆེན་དང་\ུ0f7fདབང་མེད་ཕྱི་དང་ནང་ཁྱད་པརཿལས་ཀྱི་རབ་ཏུ་སྒྲིབས་པའོ།། སྲིན་པོ་ཤ་ཟ་གང་མོ་ཅན། སྤྲུལ་པ་དང་ནི་གཟུ་ལུམས་ཅན། རབ་ཏུ་རྒྱུ་དང་ཅིག་ཏུ་གནསཿ
206b7 གནོད་སྦྱིན་གཙོ་དང་འཁོར་གྱི་བདགཿགྲོལ་བ་དང་ནི་རང་རྒྱུད་དོཿ། ཐ་དད་རིགས་ནི་བཅཝོ་བརྒྱད་དེཿགནོད་ཅིང་འཚེ་བའི་བདག་ཉིད་ཅནཿལྷ་ནི་འདོད་པ་བ་གཟུགས་ཅན་དང་\ུ0f7fགཟུགས་མེད་ལྷ་མ་ཡིན་དུ་གཏོགསཿ




iiif viewer powered by OpenSeadragon

206a - 207a

Texts on this page

Gkk2.10 - drag sngags 'dus pa rdo rje rtsa ba'i rgyud