e-texts navigator
Collection
Volume
Page
Wylie

195b1 ལྡན་འདས་ཀྱིས་གདུག་བྱེད་ཆེན་པོའི་འཁོར་དེ་དག་རབ་དུ་འདུལ་བར་མཁྱེན་ནསཿདུར་ཁྲོད་ཆེན་པོའི་དཀྱིལ་འཁོར་མངོན་པར་སྤྲུལ་པ་མཛད་དེཿནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དགཿགཟུགས་སུ་སྣང་བ་རབ་དུ་འཇིགས
195b2 སྒྲདེ་མི་སྙན་དྲུག་ཅིང་གཏུསཿདྲི་ནི་མི་ཞིམ་རུལ་ལྕགས་གསུང་རོ་ནི་ཁ་སྦྱར་ཚ་བར་བྲོཿརེག་བྱ་ཚ་ཆུབ་མི་སྡུག་སྤྱོད། ཞེ་སྡང་ཆེན་པོ་མེ་འབར་ཞིང་\ུ0f7fང་རྒྱལ་ཀོ་རུས་བྲག་དུ་དཔུངསཿགཏི་མུག་མུན་ནས་རབ་ཏུ་འཐིབས་ཀྱི་བདོད
195b3 ཆགས་ཁྲག་གི་ཆུ་ཆེན་ཁྲུགཿཕྲ་དོག་རླུང་ནི་རབ་ཏུ་འཁྲུགཿསྟི་ར་ཆེན་པོའི་ལོངས་སྤྱོད་ལཿསྟགས་གཟིགས་གཅན་ཟན་ལྕེ་སྦྱང་དང་\ུ0f7fཀང་ཀ་དུར་བྱ་བདབ་ཆགས་ཚོགསཿཤ་ཟ་ཁྲག་འཐུངས་རུས་པ་འཇོམསཿབམ
195b4 དང་རུལ་དང་རྨུགས་པ་དང་\ུ0f7fབྱེ་དང་བྲལ་དང་གཞིག་པ་དང་\ུ0f7fཟས་དང་འཐོར་དང་རབ་དུ་འཐོརཿབྲུལ་དང་ཟགས་དང་བརླག་པ་དང་\ུ0f7fཙེ་དང་རྒོད་དང་བླས་པ་དང་\ུ0f7fའཇིགས་ཤིང་གདུག་དང་རྔམ་པའོཿརོལ་པའི་ལོང
195b5 སྦྱོར་རབ་དུ་སྦྲུལཿཀུན་ཀྱང་གདུག་པའི་སེམས་འཆང་ཞིང་\ུ0f7fགསོད་གཅོད་གཤག་གཏུབ་ལུས་ཀྱི་ལསཿཚིག་གཙུབ་གླང་པོའི་ང་རོ་འབྱིན། འཁྲོས་པའི་གཏུལ་ཤུགས་དྲག་པོ་ཡིསཿམ་ལུས་འདུལ་ཞིང་ཆར
195b6 གཅོད་པའི། མངོན་པར་སྤྱོད་ལ་རབ་དུ་བཀོདཿའདི་ལྟར་སྣང་ཞིང་མཐོང་གྱུར་ཀྱང་\ུ0f7fཀུན་རྫོགས་ཙམ་དུ་སྣང་བ་ལས། སེམས་ཅན་ཅིག་གི་བསྐུ་ལཿཅུང་ཟད་གནོད་པ་ཡོང་མེད་དེཿརང་གི་རྣམ་རྟོག་བདེ་བར་སྤྱོད།
195b7 ངེས་པའི་དེ་ཉིད་ཁོ་ནའོཿ། ཆོ་འཕྲུལ་ཆེན་པོ་བསྟན་པའི་གླིང་བཞིའི་ལེའུ་སྟེ་དང་པོའོ།། དེ་ནས་སངས་རྒྱས་ཐམས་ཅད་ཀྱིཿརྡོ་རྗེ་འཆང་བའི་རྒྱལ་པོ་ཡིསཿདུས་གསུམ་རྒྱལ་བསྲ




iiif viewer powered by OpenSeadragon

195a - 196a

Texts on this page

Gkk2.10 - drag sngags 'dus pa rdo rje rtsa ba'i rgyud