e-texts navigator
Collection
Volume
Page
Wylie

195a1 \ུ0f7fའཚལ་ལོཿའདི་སྐད་བདག་གིས་ཐོས་པ་དུས་ཅིག་ནཿབཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་རི་རབ་ཆེན་པོའི་ཡང་སྟེངསཿལྕང་ལོ་ཅན་གྱིས་གནས་མཆོག། རབ་དུ
195a2 བརྒྱན་པའི་ཕོ་བྲང་ཆེན་པོ་ནཿཡུམ་ཆེན་མོ་འབྱུང་བ་ལྔའི་བདག་མོ་དང་གཉིས་སུ་མེད་པར་སྙོམས་པར་སྟེཿསྐུ་ལས་འོད་ཟེར་སྣ་ཚོགས་རབ་ཏུ་སྤྲོས་ནས་འཇིག་རྟེན་གྱི་ཁམས་ཀྱི་གདུག་པ་ཅན་དང་དྲེག་པ་ཅན་དང་གཟི
195a3 བརྗིད་ཅན་དང་དྲག་ཤུལ་ཅན་ལ་སོགས་པ་དག་གི་གནས་ཐམས་ཅད་རབ་ཏུ་གཡོ་ཞིང་བསྐྱོད་པར་མཛད་པསཿདེ་དག་གི་སྡེ་དཔོན་དང་འཁོར་དང་གཡོག་དུ་བཅས་པ་རྣམས་རླུང་གི་ཤུགས་ཀྱིས་བསྐྱོང་བ་བཞིན་དུ་ལྷགས་པ་ནི
195a4 འདི་ལྟ་སྟེཿགཤིན་རྗེ་འཆི་བདག་ནག་པོ་ཆེན་པོ་ཡུམ་དང་བཅས་པ་དང་། བདུད་ནག་པོ་ཆེན་པོ་མེའི་ཁ་བརླངས་ཅན་དང་། ཡུམ་བདུད་མོ་ཁྲག་འཛག་མ་དངཿསྲིན་པོའི་རྒྱལ་པོ་གསོད་བྱེད་ནག་མོ་ཡུམ་དང་བཅས་པ་དང
195a5 གནོད་སྦྱིན་ཆེན་པོ་གང་པ་བཟང་པོ་དང་\ུ0f7fཡུམ་གནོད་སྦྱིན་མོ་ཤ་ཟ་རལ་ཅིག་མ་དང་\ུ0f7fལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་དང་\ུ0f7fརུ་ཏྲིའི་བདག་པོ་ཐར་པ་ནག་པོ་དང་\ུ0f7fསྐུ་རྗེ་བཙན་རྒྱལ་པོ་ཆེན་པོ་དང་\ུ0f7fཕྱི་རོལ་ལྷའི་བདག་པོ
195a6 ཀ་ལ་ནག་པོ་དང་\ུ0f7fཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ་བ་དང་། ཀླུའི་བདག་པོ་གཞོན་ནུ་གཏུམ་པོ་དང་\ུ0f7fལྷའི་རྒྱལ་པོ་ལི་ཕྱིང་ཆེན་པོ་དང་\ུ0f7fགནོད་སྦྱིན་ཆེན་པོ་ལག་དགུ་པ་དང་\ུ0f7fབདག་ཉིད་ཆེན་པོ་རྡོ་རྗེ་མཛེས་པ་དང་། ཀླུ་རུ
195a7 ཆེན་པོ་ལམ་ཤུར་དམར་པོ་དང་། གཞན་ཡང་ལྷ་ངང་ཀླུ་དང་ལྷ་མ་ཡིན་དང་པ་བྱེད་དངཿཡིད་དགས་དང་འབྱུང་པོའི་ཚོགས་དང་\ུ0f7fཔོ་ཉའི་ཚོགས་འཇིགས་པར་བྱེད་པ་བསམ་གྱིས་མ་ཁྱབ་པ་རབ་ཏུ་འདུས་སོ།། དེ་ནས་བཅོས




iiif viewer powered by OpenSeadragon

194b - 195b

Texts on this page

Gkk2.10 - drag sngags 'dus pa rdo rje rtsa ba'i rgyud