| | e-texts navigator
|
193b1 ཐོད་པ་མཚོན་ཆ་ཕུར་པ་དག། དུག་ཁྲག་རིན་ཆེན་དྲག་པོའི་འབྲུ།། ཀུན་ཚོགས་རབ་ཏུ་གསད་པའི་རྫས།། ཀླུ་གཟུང་སྣོད་ན་ཤ་ཁྲག་བཅས།། རུས་བཟང་རིགས་མེད་མྱུར་སོང་ཆུ།། མུ་གུ་སྣ་ཚོགས་དྲམ་ལྡན
193b2 རྫས།། ཆུ་དྲག་དབབ་པའི་རྫས་ཡིན་ནོ།། མཆོད་རྟེན་རི་རབ་བརྒྱ་རམ་བཅས།། རྨེ་རྫས་རིགས་ངན་བགོ་བོ་གསུམ།། དམིགས་པའི་དབབ་རྫས་པད་མ་ནི།། སླར་ལ་ཟློག་པའི་རྫས་ཡིན་ནོ།། ནང་གདུག
193b3 བཾ་རིམ་མགོ་གང་རྣམས།། རབ་ཏུ་གནས་པའི་རྫས་ཡིན་ནོ།། དུག་ཁྲག་ཚེགས་དང་མཚན་ངན་སྣོད།། དམིགས་པའི་རྟེན་ལ་འཕང་བའི་རྫས།། ངན་པའི་སའི་རྟེན་ཁང་དང་།། གདུག་ཅིང་རབ་ཏུ་མཚོ
193b4 བའི་ཤིང་།། འབྲུ་ནག་དུག་ཁྲག་བསྲེགས་པའི་རྫས།། གཞན་ཡང་དབང་ཆེན་དྲེག་པའི་འཁོར།། སོ་སོའི་རིགས་དང་བདེར་བཅས་པའི།། མཐུན་དང་མི་མཐུན་གཙང་དང་རྨེ།། བསྔགས་པའི་རྫས་ཀུན
193b5 ཤེས་པར་འགྱུར།། མ་འོངས་དེས་ན་རྡོ་རྗེ་འཆང་།། རང་གིས་རིགས་འཛིན་བྱང་ཆུབ་སེམས།། བརྟུལ་ཞུགས་ཅན་གྱི་གྲུབ་པ་ཡིསཿདབུས་དང་མཐའ་ཁོབ་ཡུལ་རྣམས་དང་\ུ0f7fསངས་རྒྱས་ཞིང་གིས
193b6 འཇིག་རྟེན་ཁམསཿཀུན་ནས་སྡེ་དཔོན་གཡོག་བྱས་པའིཿཡིད་དང་དངོས་པོའི་ལུས་རྣམསཿཁམས་དང་རིགས་དང་བསམ་པ་དང་\ུ0f7fབྱེད་པ་རྟེན་ནས་ཡོད་བྱེད་ལསཿམ་ལུས་རྫོགས་པར་རབ་ཏུ
193b7 རྟོགསཿཤེས་ལྡན་མིག་ཅན་རྣམས་ལ་སྟོནཿདེ་ཚེ་དྲེགས་པའི་གཙོ་ཆེན་རྣམསཿད་ལྟ་ང་ཡི་གདམས་པ་བཞིནཿཡང་དག་དོན་ལས་མ་བདའ་ཅིགཿཁྱོད་རྣམས་ཀྱང་ནི་དུས་ནམ་ཞིགཿལས་ཀྱི་གནས
iiif viewer powered by OpenSeadragon
193a - 194a