| | e-texts navigator
|
134b1 བར་གྱིསཿཞེས་བཀའ་སྩལ་ཏོཿ། དེ་ནས་ཡུམ་ཚན་མོ་ཀུན་ཏུ་བཟང་མོས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོཿཀྱེ་མ་བཅོམ་ལྡན་ཧེ་རུ་ཀཿའདི་ལྟར་བདག་དང་གཞན
134b2 གྱིས་ཆོསཿཕྱི་དང་ནང་དང་གསང་བ་དང་\ུ0f7fགསང་བ་ཆེན་པོས་རབ་བསྡུས་པའིཿབདག་འདི་ལ་ཅི་ཕྱིར་དགའཿཕྱོགས་དང་རིགས་ཀྱི་ཁྱད་པར་གངཿའོད་ལྔ་ཁ་དོག་ཅིའི་ཕྱིརཿབསམ་པའི་རྩ
134b3 བ་འབྲས་བུ་དང་བྷནུས་པ་རྣམས་ནི་གང་ལས་བྱུང་\ུ0f7fཁམས་དང་བྱེད་པ་ལས་ཀྱི་ཅིཿཁྱབ་པ་དབང་དང་བཅས་པ་གང་\ུ0f7fརྒྱུ་དང་རྐྱེན་གྱིས་ཅི་ཞིག་བྱཿབག་ལ་ཉལ་བ་གང་ལྟ་བུཿཀུན་ནས་ལྡང་བའི་ཆོས
134b4 ཉིད་ཅི། ཤེས་པར་བྱ་བ་ཅི་ཞིག་ཡིན། ཕུང་པོ་ལྔ་ཞེས་གང་ལ་བྱཿསྟོབས་ལྔ་ཞེས་པ་སུ་ལ་མངའཿསུ་ཞིག་གྲོལ་བར་འགྱུར་བ་ཡིནཿཡུལ་ལྔ་ཡང་ནི་གང་ཞིག་ཡིནཿའདོད་སྦྱར་བསྲུང་བཛི
134b5 ལྟ་བུཿབླང་དོར་བསྒྲུབ་པ་ཇི་ལྟ་བུཿསྤྱོད་པའི་ཡོན་ཏན་ཡན་ལག་དངཿམ་འདྲེས་ཆོས་ཀྱི་ཁྱད་པར་རྣམསཿཁྱོད་ལ་སྣང་བ་ཅི་ཡི་ཕྱིརཿཞིང་དང་ཞིང་གི་བཀོད་པ་དང་\ུ0f7fའཁོར་ལོ་རྫོགས་པ་གང
134b6 ལས་བྱུང་\ུ0f7fཁ་སྦྱོར་བདེ་བ་གང་གི་ཕྱིརཿཅི་བྱིར་ཐབས་དང་ཤེས་རབ་ཀྱིསཿསོ་སོར་རང་ལ་རྫོགས་པར་འགྱུརཿརང་གི་རིག་པའི་སྣང་བ་གངཿམ་ལུས་སྣང་བའི་དོན་བྱེད་ཅིང་\ུ0f7fདེ་ལྟ་བུ་ལ
134b7 གཞན་དག་གིསཿཐོབ་པར་བྱ་བའི་ཐབས་ནི་གང་\ུ0f7fབདག་ཅག་རྣམས་ལ་ལེགས་པར་སྟོནཿཞེས་གསོལ་ཏོཿགླེང་བཞི་མངོན་པར་འབྱུང་བའི་ལེའུ་སྟེ་དང་པོའོཿ།
iiif viewer powered by OpenSeadragon
134a - 135a