| | e-texts navigator
|
134a1 སྣང་བ་དང་། ཞི་བའི་རྣམ་པར་སྣང་བ་དང་\ུ0f7fའཁྲི་བོའི་རྣམ་པར་སྣང་བ་དང་\ུ0f7fཁྱབ་པ་དང་རྫོགས་པ་དང་\ུ0f7fཐ་དད་པའི་སྐུ་རྣམ་དང་\ུ0f7fཁྱད་པར་དུ་སྐུའི་རིགས་དང་\ུ0f7f
134a2 གསུང་གི་རིགས་དང་། ཐུགས་ཀྱི་རིགས་དང་། ཡོན་ཏན་གྱི་རིགས་དང་། འཕྲིན་ལས་ཀྱི་རིགས་དང་། དྲེགས་པའི་རིགས་དང་། སྒྲུབ་པའི་རིགས་དང་། རྔད་པའི་རིགས་ལས
134a3 སོགས་པ་བསམ་གྱི་མི་ཁྱབ་རྣམས་སྣང་ཞིང་གསལ་བར་གྱུར་ཏོཿདེ་ནས་བཅོམ་ལྡན་འདས་བླ་མེད་རྒྱལ་པོ་ཧེ་རུ་ཀ་ཆེན་པོ་དེས་མཉམ་པ་ཉིད་ལས་གཞེངས་ཏེཿཆོ་འཕྲུལ་ཆེན་པོ་རྣམ
134a4 པར་སྤྲུལ་པའི་འཁོར་གྱི་དཀྱིལ་འཁོར་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོཿཀྱེ་མ་འདུས་པའི་དཀྱིལ་འཁོར་གྱིཿཚོགས་ཆེན་མ་ལུས་ང་ལ་ཉོནཿཁྱེད་ཀྱི་ཁམས་དང་བྱེད་པ་དང་།
134a5 ལུས་དང་རིགས་ཀྱི་ཁྱད་པར་དངཿའཕྲིན་ལས་གྲུབ་པའི་མཐའ་ལ་སོགསཿཐམས་ཅ་དང་ལས་བྱུང་ཞིང་སྣང་\ུ0f7fལུས་དང་ངག་དང་རྣམ་པར་ཤེསཿངའི་སྐུ་གསུང་ཐུགས་ཀྱི་ངང
134a6 གཟུགས་དང་འདུ་ཤེས་ཚོར་བ་བྱེདཿསྐུ་དང་ཡེ་ཤེས་རིགས་པའི་ངངཿབསམ་པ་ལོངས་སྤྱོད་ལས་སོགས་པཿདགོངས་པའི་ཆོ་འཕྲུལ་ཉིད་ལས་བྱུང་\ུ0f7fགང་ཞིག་ཇི་ལྟར
134a7 འདོད་པ་དང་\ུ0f7fང་ཡི་རང་བཞིན་ཤེས་པར་གྱིསཿང་ལས་མ་རྟོགས་ཆོས་རྣམས་མིནཿབརྟགས་པ་ཙམ་ཡོད་མ་ཡིནཿདེ་བས་ངའི་དོན་རྟོགས་ཕྱིར། གུས་པའི་ཡིད་ཀྱི་བཉན
iiif viewer powered by OpenSeadragon
133b - 134b