e-texts navigator
Collection
Volume
Page
Wylie

132a1 རྒྱ་གར་སྐད་དུཿམ་ཧཱ་མ་མ་ས་མ་ཛ་བྷི་རུ་མུ་ལ་ཏན་དྲན་མཿབོད་སྐད་དུཿམ་མོ་འདུས་པ་རྩ་བའི་རྒྱུད་ཞེས་བྱ་བཿབཅོམ་ལྡན་འདས་མངོན
132a2 རྫོགས་རྒྱལ་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མོད་པ་མངོན་པར་རབ་ཏུ་རྫོགས་པའི་རྡོ་རྗེ
132a3 ཧེ་རུ་ཀ་ཞེས་བྱ་བ་ཏེཿཐིག་ལེ་ཆེན་པོ་མཉམ་པ་ཉིད་ཀྱི་ངང་དུ་སྲིད་པའི་ཆོས་ཀྱིས་བསྡུས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གནས་པཿརིན་པོ་ཆེ་ལས་གྲུབ་པའི
132a4 རི་རབ་ཆེན་པོའི་རྩེ་མོ་ལྷའི་རྒྱལ་པོའི་གནསཿབདེ་བ་ཆེན་པོའི་ཀློང་\ུ0f7fཡུམ་ཆེན་མོ་དེ་ཁོ་ན་ཉིད་ཀྱི་བཞིར་གྱུར་པ་མུ་ཁ་ལེ་དགོངས་པ་མ་ལུས་པར་ཤར་བའི་ཀློང་དྷབྷ་གཾ་ཡངས
132a5 པའི་དབྱིངས་རྣམ་པར་དག་པའི་རང་བཞིན་ཕྱོགས་བཅུ་ན་མཁའི་ཁམས་མ་ལུས་པར་ཁྱབ་པའི་གནས་ན་སྙོམས་པར་ཞུགས་ཏེ་བཞུགས་ནསཿརབ་ཏུ་གསང་བའི་དབང་ཕྱུག་ཡེ་ཤེས
132a6 ཀྱི་རྡོ་རྗེའི་ཤུགས་ཆེན་པོ་འཆང་བ་པད་མའི་དབྱིངས་རྣམ་པར་དག་པའི་ཀློང་ཆེན་པོ་དང་གཉིས་སུ་མེད་པའི་འཕྲོ་འདུ་དུས་གསུམ་དུ་རྒྱུན་མི་འཆང་པར་སྐྱེ་བ་ལསཿབྱིན་གྱིས་བརླབས་ཀྱི་ཚེ
132a7 འཕྲུལ་ཆེན་པོ་དཔག་ཏུ་མེད་པར་སྣང་བ་འདི་ལྟ་སྟེ། ས་ཆེན་པོ་དང་། མེ་ཆེན་པོ་དང་། ཆུ་ཆེན་པོ་དང་\ུ0f7fརླུང་ཆེན་པོ་དག་གིས་གནས་པ་དང་\ུ0f7fབསྲེགས་དང་\ུ0f7fགཤེར་བ




iiif viewer powered by OpenSeadragon

131b - 132b

Texts on this page

Gkk2.7 - ma mo 'dus pa rtsa ba'i rgyud