e-texts navigator
Collection
Volume
Page
Wylie

131b1 བཅོམ་ལྡན་རིགས་པའི་རྒྱལ་པོ་འཁྲོ་བོདུས་གསུམ་སངས་རྒྱས་རྣམས་ཀྱི་སྤྱི་དཔལ་ཆེན་པོ་ཧེ་རུཀརིགས་ཀྱི་བདག་པོ་སྤུ་ལྔ་ཡེ་ཤེས་ལྔ་རྫོགས
131b2 ལྷུན་གྲུབ་ཅིང་། དཀྱིལ་འཁོར་གསུམ་ལྔ་བརྒྱད་ཀྱི་ངོ་བོ་སྒྲ་ལ་རབ་འདུས་རྡོ་རྗེ་འཆང་འཛིན་ལས་བཞི་དང་གཙོ་ཆེན་དྲུག་པོ་མངོན་བྱང་སྟོན་མཛད་པའི། གནན
131b3 ནུ་ལྔ་ལྡན་མྱུར་འབྱུང་འཁོར་དང་བཅས་ལ་ཕྱག་འཚལ་བསྟོདདེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་ཆེན་པོ་དེ་དག་ཉིད་ཀྱི་སྐུ་ལ་རབ་ཏུ
131b4 བསྡུས་ཏེ། སྐུ་ལས་འོད་ཟེར་གྱིས་ཚོགས་ཆེན་པོ་སྣང་བར་མཛད་ནསཿམི་གནས་པའི་དབྱིངས་ཆོས་ཉིད་མཉམ་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་དགྱེས་པ་ཆེན་པོས་བཞུགས
131b5 པར་གྱུར་ཏོ། འཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས་ཕྱི་མའི་ཚུལ་ངེས་པར་འབྱུང་བ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པ་ལ།
131b6 བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་འཕྲིན་ལས་འདུས་པ་རྩ་བའི་རྒྱུད་བོ་དོ་ཏ་མ་ལ་འབུམ་སྟེ་བསྡུས་པཿརྫོགས་རྫོགས། རྒྱ་གར་གྱིས་མཁན་པོ་བློ་དཔོན
131b7 ཆེན་པོ་པང་མ་འབྱུང་གནས་དང་\ུ0f7fབོད་ཀྱི་ལོ་ཚ་བདག་བཻ་རོ་ཙ་ནས་བསྒྱུར་ཅི་ཞུས་སྟེ་བསྟན་ལ་ཕབ་པའོཿ། རྒྱལ་པོའི་བླ་དཔེའོཿ། གཏེར་རྒྱཿསྦས་རྒྱཿགཏང་རྒྱའོ།།




iiif viewer powered by OpenSeadragon

131a - 132a

Texts on this page

Gkk2.6 - bde bar gshegs pa thams cad kyi phrin las 'dus pa phur pa rtsa ba'i rgyud