e-texts navigator
Collection
Volume
Page
Wylie

109b1 དང་། གལ་བ་མེང་བ་དང་། རྒ་འཕྲིན་ཅན་དང་། གཞན་གྱིས་མི་ཐུབ་པ་དང་། བདུད་རྩི་འཁྲིལ་པ་དང་། ཁམས་གསུམ་ལས་རྣམ་པར་རྒྱལ་བ་དང་། སྐབས་ཆན་པར་གྱུར་པ་དང་། གཞན་པ
109b2 རོལ་པའི་ཡུམ་ཆེན་པོ་སྒྲ་འབྱིན་མ་དང་\ུ0f7fསྙེམས་མ་དང་\ུ0f7fསྡེར་མོ་མ་དང་\ུ0f7fདུར་ཁྲོད་ཀྱི་བདག་མོ་དང་\ུ0f7fགཏུང་ལུང་མ་དང་\ུ0f7fགཏུམ་མོ་ཆེན་མོ་དང་\ུ0f7fམངའ་མ་སྙེམས་མ་དང་\ུ0f7fརླུང་འབྱིན་མ་དང་\ུ0f7f
109b3 གསོད་བྱེད་མ་དང་\ུ0f7fབ་སྐྱོདང་མ་དང་\ུ0f7fདེ་དག་ཐམས་ཅད་ཀྱང་སྤྲུལ་པ་དང་\ུ0f7fསྤྲུལ་པའི་ཡང་སྤྲུལ་པ་དང་\ུ0f7fསྤྲུལ་པའི་ཕོ་ཉ་དང་\ུ0f7fཕོ་ཉའི་ཡང་ཕོ་ཉ་དག་དང་བཅས་པ་རྣམས་ཀྱིས་མདུན་དུ་དང་བས་བསྐོར
109b4 དེཿགཞན་བྱིས་པ་སོ་སོའི་སྐྱེ་བོ་དང་\ུ0f7fཉན་ཐོས་དང་\ུ0f7fརང་སངས་རྒྱས་ཀྱི་སྐྱེས་བུ་དང་\ུ0f7fབསྐལ་པ་དཔག་ཏུ་མེད་པའི་བར་དུ་སྨོད་ཅིང་སྦྱོད་ཅིང་སྦྱོང་བ་ལ་སྨོན་པས་དགའ་བ་སྤྱོད་པར་བཙོན་པའི
109b5 བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉེ་བའི་ཐུགས་མི་ཐུབ་ཅིང་འདུ་བའི་སྐལ་པ་དང་མི་ལྡན་ཞིང་\ུ0f7fལོངས་སྤྱོད་ཐམས་ཅད་རབ་ཏུ་རྫོགས་པའི་སྐུ་ཁྲོ་དང་\ུ0f7fརབ་ཏུ་འཁྲོ་བ་དང་\ུ0f7fའཇིགས་པ་དང་རབ་དུ་འཇིགས
109b6 པའི་ཚོ་གས་དང་ལྷན་ཅིག་ཏུ་བཞུགས་སོཿ། དེ་ནས་བཅོམ་ལྡན་འདས་ཉིད་སྐུའི་རྣམ་པར་འཕྲུལ་པ་ཁྲོ་བོ་ཆེན་པོ་དྲག་ཤུལ་ཅན་དུ་སྣང་བར་མཛད་ཀྱང་\ུ0f7fཐུགས་རབ་དུ་ཞི་བ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུག
109b7 གསང་བ་ཆེན་པོ་ལས་བྱུང་བའི་ཁོ་བོའི་ཚོགས་ཆེན་པོ་རྣམས་ཀྱིས་ཉིད་ཀྱིས་སྐུའི་དཀྱིལ་འཁོར་ཆེན་པོ་རྣམ་པར་དག་པོའི་གཞལ་མེད་ཁང་ཆེན་པོ་དང་བཅས་པ་ལ་རབ་ཏུ་སྨྲ་ཞིང་ངོ་མཚར་བའི་སྒོ་ནས་དག




iiif viewer powered by OpenSeadragon

109a - 110a

Texts on this page

Gkk2.6 - bde bar gshegs pa thams cad kyi phrin las 'dus pa phur pa rtsa ba'i rgyud