| | e-texts navigator
|
109a1 རྒྱ་གར་སྐད་དུཿ་ཐ་ག་ག་ཏ་ཀི་ལ་ཡ་སརྦ་ཀརྨ་མ་ལེ་བྷི་རུ་ཏན་ཏྲ་ན་མཿབོད་སྐད་དུ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་འདུས
109a2 པ་ཕུར་པ་རྩ་བའི་རྒྱུད་ཞེས་བྱ་བཿབཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཕྲིན་ལས་ཐམས་ཅད་གདོན་མི་ཟ་བར་ཡང་དག་པར་གྲུབ་ཁྲོ་བོ་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་ལ་ཕྱག་འཚལ་ལོཿ
109a3 འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ནཿའོག་མིན་གྱིས་གནས་གསང་བ་མཆོག་གི་དབྱིངསཿའཕྲིན་ལས་རྒྱ་ཆེན་པོ་རྣམ་པར་རོལ་པར་མཛད་པའི་དུར་ཁྲོད་ཆེན་པོཿརབ་ཏུ་བསྐྱེད་ཅིང
109a4 འཁྲག་པར་བྱེད་པའི་རླུང་ལྡང་རྣག་འབར་བ་ཕྲ་དོག་གི་ཡེ་ཤེསཿལས་གྲུབ་པར་བྱེད་པའི་ཕོ་བྲང་ཆེན་པོཿབཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འཕྲིན་ལས་རྡོ་རྗེ་སེམས་དཔའ
109a5 ཆེན་པོ་གཞོན་ནུའི་གཟུགས་ཅནཿའཇིག་རྟེན་གསུམ་རབ་དུ་སྒྲོལ་བར་མཛད་པ་དེཿདབྱིངས་ཀྱི་ཡུམ་ཆེན་མོ་འཁོར་ལོ་རྒྱས་འདེབས་མ་དང་\ུ0f7fགཉིས་སུ་མེད་པའི་རོལ་པ་ཆེན་པོས་མ་ཉམ་ཞིང་དགྱེས
109a6 བར་བཞུགས་པ་ལཿའཇིགས་བྱེད་འབར་བའི་དྲག་པོའི་འཕྲིན་ལས་ཡོངས་སུ་རྫོགས་པར་མཛད་པའི་འཁོར་འདི་ལྟ་སྟེཿབདེ་བར་གཤེགས་པ་རྣམས་ཀྱིས་སྲས་ཀྱི་མཆོག་དུ་གྱུར་པ་བུ་ད་ཀི་ལ་ཡ་དང
109a7 རང་ན་ཀི་ལ་ཡ་དང་\ུ0f7fཔད་མ་ཀི་ལ་ཡ་དང་\ུ0f7fཀར་མ་ཀི་ལ་ཡ་དང་\ུ0f7fདེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྒྱལ་པོ་ཧཱུཾ་ཀ་ར་དང་\ུ0f7fརྣམ་པར་རྒྱལ་བ་དང་\ུ0f7fདབྱིག་པ་སྔོན་པོ་དང་\ུ0f7fགཤིན་རྗེའི་གཤེད
iiif viewer powered by OpenSeadragon
108b - 109b