| | e-texts navigator
|
108b1 ཟ་པ་དང་ཐ་བ་དང་བླག་པ་ས་དང་རྫུ་བ་ང་བཙུན་པ་དང་བགོང་པ་དང་། ཉན་པ་མ་སོགས་པ་ཏུ་མ་ཐོ། ཙོང་དབང་ངཔོ་གྱུ་ནབས་དུ་ཡ་གགས་པར་མོ་མམ
108b2 དེ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རིགས་འཛིན་པ་རང་བཞིན་གྲུབ་པ་དང་ས་ལ་སྤྱོད་པ་དང་ཚེ་རིང་བར་དབང་བ་དང་དེ་བཞིན་གཤེགས་པ་བདག་གི་ཐུགས་ཉེ་བའི་སྲས་སུ་འགྱུར་བ་ཁྱེད
108b3 རྣམས་ཀྱིས་ཡང་དག་པར་བཟུང་ཞིགཿལོང་ཤིགཿཆོ་དཱ་ཤིགཿལྷོག་ཤིགཿབསྒྲུ་བཱ་ཤིགཿགཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིགཿའདི་ནི་ངའི་བསྟན་པ་བླ་ན་མེད་པ་གོང་ན་མེད་པཿམཉམ
108b4 པ་མེད་པ་མཚུངས་པ་མེད་པ་དཔེ་མེད་པ་ཟླ་མེད་པཿམཆོག་ཏུ་གྱུར་པ་རབ་དང་གཙོ་བོ་དང་ཕུལ་དང་དམ་པར་འགྱུར་བ་སྟེཿརྙེད་པར་དཀའ་ཞིང་ངོ་མཚར་བ་འདི་ཁྱེད་རྣམས་ལ་རྗེ་སུ་གཏད་ཀྱིསཿངའི་བསྟན
108b5 པ་འདི་ཡལ་བར་མ་དོར་ཅིགཿའདི་ཉམས་པར་འགྱུར་ཏ་རེཿཞེས་གསུངས་ནསཿཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྣམ་པར་འཕྲུལ་པའི་བཀོད་པ་རྒྱ་ཆེན་པོ་དེ་དག་འོད་ཟེར་གྱི་ཚུལ་སྤྲོ་བ་མཛད་པ
108b6 ཡང་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བའི་གློང་དུ་རབ་ལྟ་བུ་བསྡུས་ནསཿརོལ་པ་ཆེན་པོའི་འོད་ཟེར་གྱི་ཁྱབ་པར་མཛད་དེ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་དམིགསུ་མེད་པ
108b7 མཉམ་ཞིང་གཡོ་བ་མེད་པ་ལ་རབ་ཏུ་ཞུགས་པར་འགྱུ་རོཿདཔ་ལཱ་རྐྱེན་འདུས་པ་རྩ་བའི་རྒྱུད་ལསཿཡོངསུ་བསྟན་པའི་རྒྱུད་ཉེ་བར་བཏད་པའི་ལེའུ་སྟེ་བཅུ་གསུཾ་པའོ།། དཔལ་དབང་ཆེན་འདུས་པ་རྩ་བའི་རྒྱུད་རྫོགས་སོཿ
108b8 རྒྱ་བར་མཁས་པ་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་དང་\ུ0f7fབོད་ཀྱི་ལོ་ཙ་བ་བཻ་རོ་ཙ་ནས་བདག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།
iiif viewer powered by OpenSeadragon
108a - 109a