| | e-texts navigator
|
99b1 དབུས་ཀྱི་ཞལ་ནས་རྐན་སྒྲ་བརྡབ་པ།། ཧེ་རུ་ཀ་ནི་ལ་སོགས་ཏེ། སྲིད་པའི་མ་མོ་ཐམས་ཅད་ཀྱི་སྙིང་ཙར་གྱིས་འབྱིན་པའོ།། མ་མོ་དབང་དུ་དེ་ལྟར་ཡང་འདུས་སོ།། དབུས་ཀྱི་ཞལ་གྱིས་མཁའ་གཡེལ་ཡལ་བ་ཡང་དེར་རྫོགསོ
99b2 སྲིད་པ་གསུམ་གྱི་རྩེ་མོ་ཡང་དེར་རྫོགས་སོ།། སྐུ་གསང་བའི་བྷ་ག་ལ་ཡུམ་གྱི་མཁའ་བདེ་བ་ཆེན་པོ་ཀློང་ཞེས་ཀྱང་དེ་ལ་བྱའོ།། སྐུ་རྟག་པ་ཆེན་པོའི་གཡུང་དྲུང་དུ་གཞུགས་པས། སྐྱེ་ཤི་ལས་འདས་པ་ཞེས་ཀྱང་དེ་ལ་བྱའོ།།
99b3 དེ་ལ་སྡུག་བསྔལ་མི་འབྱུང་བས། མྱ་ངན་ལས་འདས་པ་ཞེས་ཀྱང་བྱའོ།། དེ་ལྟ་བུ་བླང་དོར་མེད་པས་ཀུན་ཏུ་བཟང་མོ་ཞེས་ཀྱང་དེ་ལ་བྱའོ།། རྣམ་པར་ཤེས་པ་ཐམས་ཅད་ཀྱི་བཅུད་ལེན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
99b4 པ་ཞེས་ཀྱང་དེ་ལ་བྱའོ།། སྐུ་རྟག་པ་ཆེན་པོའི་གཡུང་དྲུང་དུ་བཞུགས་པས། སྐྱེ་ཤི་ལས་འདས་པ་ཞེས་ཀྱང་དེ་ལ་བྱའོ།། འབྱུང་བའི་རྒྱལ་མོ་ཞེས་ཀྱང་དེ་ལ་བྱའོ།། དུས་བཞི་དབྱིངས་ལས་ཤར་བས། དུས་བཞིའི་ཆ
99b5 སྙོམས་མ་ཞེས་ཀྱང་དེ་ལ་བྱའོ།། སྐུ་སྟོང་གི་ཞལ་ནས་འབྱུང་བའི་རིགས་ལྔའི་སངས་རྒྱས་ཀྱང་། སྐུ་སྨད་ནས་འབྱུང་བའི་གསང་བའི་བྷ་ག་ལ་བརྡུངས་པས། རིགས་ཀྱི་ཡུམ་ཞེས་ཀྱང་དེ་ལ་བྱའོ།། སྦས་པའི་ཕྱག
99b6 གཉིས་ནས་ཀྱང་། བདུད་རྩི་རྣམ་པ་ལྔའི་ལོངས་སྤྱོད་མངོན་དུ་མཛད་པས། བདུད་རྩི་རྣམ་པ་ལྔའི་ལོངས་སྤྱོད་མངོན་དུ་མཛད་པས། བདུད་རྩིའི་རྒྱལ་མོ་ཞེས་ཀྱང་དེ་ལ་བྱའོ།། སྣང་སྲིད་ཐམས་ཅད་བསྟན་ལ་འབེབས་པས
99b7 སྲིད་པའི་རྒྱལ་མོ་ཞེས་ཀྱང་དེ་ལ་བྱའོ།། སྐྲ་གཅིག་ལ་མཚན་དགུ་མ་ཞེས་ཀྱང་དེ་ལ་བྱའོ།། དེ་ལ་ཐུགས་ནས་དྲངས་པའི་སྙིང་པོ་ནི། ཉིད་བཞི་མུ་ཁ་ལེ་ཀྲོདྦི་ཤྭ་རི་བྷ་ག་པདྨའི་ཀློང་འདུས་ན་སྙིང་ཛ། ཤཾ་ཡུ་ཏི་ཛཱ་བྷེ་བྷྱོ།། ཡོངས་ཀྱི་མ་མོ་ཞེས་བྱ
iiif viewer powered by OpenSeadragon
99a - 100a