| | e-texts navigator
|
99a1 དྲན་པ་ཐམས་ཅད་དེ་ལས་བྱུང་ངོ་།། རྩ་བ་གཅིག་ལས་སེམས་ཅན་གྱིས་སེམས་ཀྱི་རྟོག་པ་ཆེན་པོ་ཡང་དེ་ལས་འང་ངོ་།། ཤར་ཕྱོགས་ཀྱི་གསང་བའི་མཁའ་དྲངས་ལ་དྲན་པས་ཀུན་ཏུ་བྱིན་གྱིས་བརླལ
99a2 སོ།། བྱང་ཕྱོགས་ཀྱི་གསང་བའི་མཁའ་བརྔུ་བ་ལ་དྲངས་པས། དཔྱིང་དུ་བྱིན་གྱིས་བརླབས་སོ།། བྱང་ཕྱོགས་ཀྱིས་གསང་བའི་མཁའ་བརྫུ་བ་ལ་དྲངས་པས། དཔྱིད་དུ་བྱིན་གྱིས་བརླབས་སོ།། ནུབ་ཕྱོགས་ཀྱི་གསང
99a3 མཁར་གཤེག་ཤེར་ལ་བརླན་པས་དབྱར་དུ་བྱིན་གྱིས་བརླབས་སོ།། སྒོ་ཕྱོགས་ཀྱི་གསང་བའི་དྲོད་ལ་འཇམ་པས་སྟོན་དུ་བྱིན་གྱིས་བརླབས་སོ།། དུས་བཞི་ཡང་དེ་ལྟར་ཆགས་སོ།། ཆ་ཡང་དེ་ལྟར་སྙོམས་སོ།། སྐུ
99a4 སྟོད་ཀྱི་ཞལ་ནས་འབྱུང་བའི་རིགས་ལྔ་ཧེ་རུ་ཀའི་སངས་རྒྱས་རྣམས། སྐུ་སླད་གསང་བའི་བྷ་ག་ལ་སྦྱོར་ཚུལ་ཕྱེད་ནུབ་ཙམ་དུ་བཞུགས་པས། སྐྱེ་བ་བཞི་རིགས་དྲུག་སོ་སོར་ཡང་དེར་འཐོན་ཏོ།། རིགས་སོ་སོ་བཏུལ
99a5 བ་ཡང་དེར་བཏུལ་ལ། ཕྱག་བཞི་ལ་གཡས་གཡོན་གྱི་དང་པོ་གཉིས་ཀྱིས།། ཁོལ་མོ་བཅུ་བཞིའི་གཙོ་མོ་སྲིད་པ་བདེ་འགྲེམ། ཉི་ཟླའི་ཐོད་འཕྲེང་ཅན་གཉིས་ཀྱིས་སྙིང་རྩ་གཟུང་བ། གཡས་གཡོན་ཐ་མ་གཉིས་ཀྱིས
99a6 ཁྲོས་པའི་དབང་མོ་ཆེ་གཉིས་སྙིང་རྩ་གཟུང་བ། སྤྲས་པའི་ཕྱག་གཉིས་ཀྱིས་བདུད་རྩི་རྣམ་པ་ལྔའི་ལོངས་སྤྱོད་མངོན་དུ་མཛད་པ། ཞབས་བརྒྱད་ཀྱིས་དབྱིངས་ཀྱི་མ་བཞི་དང་། ཐུགས་ཀྱི་དགྱེས་སྡེ་མོ་བཞིའི་སྙིང་བརྫ
99a7 པ་དང་། དབུས་ཀྱི་ཞལ་འཕྲ་བའི་དབྱིངས་ནས་མིག་ཟུར་གཅིག་གཟིགས་པ། མ་མོ་བཅུ་བཞིའི་ཁོལ་མོ་སྲིད་པ་ཆགས་བྱེད་དང་། ཤན་ཤན་ནེའུ་དང་། ཨེ་ཀ་ཛ་ཏི་རལ་གཅིག་མ་ལ་སོགས་པ་འདར་བཅུག་བཅུག་བྱེད་པ
iiif viewer powered by OpenSeadragon
98b - 99b