e-texts navigator
Collection
Volume
Page
Wylie

98b1 ཕ་པའི་འདབ་མ་སྟོང་དང་ལྡན་པ་ཞིག་ཡོད་དོ།། དེ་ལ་ཞལ་རྣམ་པ་ལྔ་ལ། ཤར་གྱི་ཞལ་དཀར་ལ་འཚེ་བས། མཆེ་བ་གཅིག་པའི་ནང་ནས། ཤེལ་གྱི་རྡོ་རྗེ་རྩེ་དགུ་པ་འཛིན་པས་འབྱུང་བ་ས་རུ་བྱིན་གྱིས་བརླབས་ཏེ།
98b2 སྐུ་རྡོ་རྗེའི་རིགས་སུ་གྱུར་ཏོ།། ལྷོ་ཕྱོགས་ཀྱི་ཞལ་སྔོ་ལ་གདངས་པས། མཆེ་བ་གརྩིགས་པའི་ནང་ནས། ཀེ་ཀེ་རུ་འབར་བ་དགྲ་འཛིན་པས། འབྱུང་བ་མེར་བྱིན་གྱིས་བརླབས་ཏེ། རིན་པོ་ཆེ་རི་གསུམ་གྱུར་ཏོ།། ནུབ་ཕྱོགས་སུ
98b3 ཞལ་དམར་ལ་གདངས་པས། མཆེད་གཙིགས་པའི་ནང་ནས། པདྨ་དགུ་བརྩེག་གཟུང་ནས། འབྱུང་བ་ཆུར་བྱིན་གྱིས་བརླངས་ཏེ། པདྨའི་རིགས་སུ་གྱུར་ཏེ།། བྱང་ཕྱོགས་ཀྱི་ཞལ་ལྗང་ལ་གདངས་པ། མཆེ་བ་གརྩིག
98b4 པའི་ནང་ནས། རྡོ་རྗེ་རྒྱ་གྲམ་དགུ་བརྩེགས་གཟུང་བས། འབྱུང་བ་རླུང་དུ་བྱིན་གྱིས་བརླབས་ཏེ། ལས་ཀྱི་རིགས་སུ་གྱུར་ཏོ།། ཐམས་ཅད་དེ་ལྟ་བུའི་དཀྱིལ་འཁོར་དུ་གྱུར་ཏོ།། དབུས་ཀྱི་ཞལ་སེར་ལ་ལྡེམ་པ་འམ།
98b5 ཅིར་ཡང་འགྱུར་བའི་མཆེ་བ་གརྩིག་པའི་ནང་ནས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཞིག་གཟུང་བས། འབྱུང་བ་ན་མཁར་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པའི་རིགས་སུ་གྱུར་ཏོ།། འབྱུང་བ
98b6 ལྔ་ཡང་དེ་ལྟར་བསྐྱེད་དོ།། རིགས་ལྔའི་སངས་རྒྱས་ཀྱང་དེ་ལྟར་འབྱུང་ངོ་།། ཞལ་སོ་སོའི་བར་བར་ན་རལ་པ་སོ་སོའི་རིགས་དང་མི་མཐུན་པར་སྣང་ངོ་།། ཙིཏྟའི་རྩ་བ་ཅིག་ལ་རྩེ་མོ་ལྔ་ནི་རྩེ་མོ་ལྔ་ལས་རིགས་ལྔ་ཡེ་ཤེས
98b7 ལྔ་ཡང་དེ་ལས་ཤར་རོ།། རྩ་བ་གཅིག་ལས་ཆོས་སྐྱེ་བ་མེད་པའི་དབྱིངས་ཀྱང་དེ་ལས་འདུས་ཏེ། མི་ནུབ་པའི་རྒྱལ་མཚན་ཞེས་ཀྱང་གྲགས་སོ།། རྩེ་མོ་ལྔ་འབར་བ་ལས་སྲོག་གིས་བསྡུས་པའི་ཀུན་གཞི་ལ་སོགས་པའི




iiif viewer powered by OpenSeadragon

98a - 99a

Texts on this page

Gkk1.3 - rgyud lung byang skor rtsa rgyud