e-texts navigator
Collection
Volume
Page
Wylie

98a1 ཞེས་ཇི་ལྟ་བུ།། མངལ་ལ་སོགས་པ་མི་འཆལ་ན།། བྲང་ངོར་མེད་པ་གང་གིས་གྲུབ།། སྲིད་པའི་དབང་ཆེན་དེ་ཅིང་ཀུན།། རབ་རྒྱུད་རྩ་བ་ཇི་ལྟར་ལགས།། དམ་ཚིག་ལུང་ནོད་འཆི་བའི་ཆེ།། སྲོག་ལ་རྫངས
98a2 བ་ཇི་ལྟ་ལབས།། འཇིག་རྟེན་འདིར་འགྲུབ་ཇི་ལྟར་ལགས།། དུས་མིན་འཆི་ན་གང་གིས་བཀང་།། ཡང་དག་རྫོགས་ལ་བདག་ཉན་འཚལ།། དེ་སྐད་གསོལ་པ་བསན་ནས་ཀྱང་།། ཡང་དག་རྫོགས་ཀྱི་བཀའ་སྩལ་པ། ཉོན
98a3 ཅིག་གནོད་འདུལ་ལྷའི་ཚོགས།། རྣལ་འབྱོར་རྣམས་ཀྱི་ལས་དབང་མཆོག། མ་མོ་རྣམས་ཀྱིས་གཏན་ཚིགས་སུ།། སྲིད་པ་ཀུན་གྱི་བཅའ་བཞི་རྣམས།། ཡང་དག་ཉིད་དུ་བཤད་པར་བྱ།། དེ་ལ་མ་མོ་བཅུ་བཞིའི་མོ་བཤད
98a4 པར་བྱ་སྟེ།། ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལེ་ཞེས་བྱ་བ།། སྐུའི་སྐྱོན་ཡང་གླིང་བཞི་ཙམ་ཡོད་པ།། སྐུ་གཅིག་ལ་ཞལ་རྣམ་པ་ལྔར་སྣང་བ།། ཕྱག་བཞི་ཀ་འཇིག་པའི་མཚོན་ཆ་ཐོག་པ།། ཞབས་རྣམ་པ་བརྒྱད་དུ་བལྟམས
98a5 པ་ཙཽཏཱིའི་རྩ་བ་བཞི་ལ་བཞི་ཡ་རྩེ་མོ་རྣམ་པ་ལྔར་འབར། ཤར་གྱི་ཞབས་གཉིས་པར་གསང་བའི་མཁའ་དྲང་ལ་འདྲེད་པས། ཤེལ་གྱི་བྷ་ག་ལ་རྡོ་རྗེའི་གེ་སར་ཅན་ནོ།། ལྷོ་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་སྣང་ལ། གསང་བའི་མཁའ
98a6 དྲང་ལ་འཛིན་པས། ཀེ་ཀེ་རུའི་བྷ་ག་ལ།། རིན་པོ་ཆེའི་གེ་སེར་ཅན་མོ།། ནུབ་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ནས་གསང་བའི་མཁར་གཤེར་ལ་བརླན་པས། པདྨའི་བྷ་ག་ལ་བྱེ་རུའི་གེ་སར་ཅན་ནོ།། བྱང་ཕྱོགས་སུ་ནི་ཞབས་གཉིས
98a7 ཀྱི་བར་ནས་བསང་བའི་མཁའ་བཅུ་པ་ལ་དྲང་སྟེ། གེ་སར་དཔལ་ཅན་ནོ།། དེ་ལྟར་མཁའ་བཞིས་སྐྲ་རྒྱན་པས།། དེ་བཞི་ཀློང་སྐུའི་གང་ཁུང་དུ་བསྡུས་པ་ནི།། གཡུའི་བདེ་ཀློང་ལ་ཆགས་པའི་གེ་སར་ཅན་ནོ།། ཟངས་ཀྱིས




iiif viewer powered by OpenSeadragon

97b - 98b

Texts on this page

Gkk1.3 - rgyud lung byang skor rtsa rgyud