| | e-texts navigator
|
97b1 བ་མ་མའི་ཚོགས་ཐམས་ཅད་ཆགས་པའི་མདངས་ཕྱུང་ནས། བསྐོར་ཞོ་ཕྱག་འཚལ་དང་། བསྟོད་པ་བགྱིང་པ་ལགས་སོ།། ཡུས་ཆེན་མོ་ཉིད་བའི་སུ་ཁ་ལེའི་བྷ་ག་ལས། རྟག་པའི་རྒྱལ་མོ་རྣམས་སྣང་གསལ་ལ་སོགས
97b2 ཡེ་ཤེས་ཀྱི་མཁའ་གྲོ་མ་ལྔའི་དཀྱིལ་འཁོར་འཐོན་པར་གྱུར་ཏོ།། དེ་ནས་ཡུམ་ཆེན་མོ་སུ་ཁ་ལེས། བཅོམ་ལྡན་འདས་འཇིག་བྱེད་ཆེན་པོ་རྡོ་རྗེ་སེ་རུ་ཀ་གཟིགས་ནས། སྤྱན་གྱིས་བརྡའ་གཅིག་མཛད་ནས་ཞལ་གྱིས་འཛུམ་པ
97b3 ཕྱུང་བ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཧེ་རུ་ཀ། ཡུམ་གྱི་བྷ་ག་ལས་སྐུ་ཕྱེད་ནུབ་དུ་བཞེངས་ཏེ། རྣམ་པར་ཐར་པའི་དབུ་གསུམ་ཕྱུང་ནས་གཡུང་དྲུང་ལྷའི་རྒྱལ་པོ་ལྷ་གནོད་འདུལ་གཟིགས་ནས། ཞལ་མཛུམ་པ
97b4 མཛད་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱིས། ལྷ་གནོད་འདུལ་བསྟན་ལ་འདུག་པར་གྱུར་ཏོ།། དེ་ནས་ཆགས་པའི་ཡིད་ཅན་དེ་དག་ཕྱོགས་སུ་ཡང་ལ་འདུག་པར་གྱུར་ཏོ།། དེ་ནས་ཡུམ
97b5 ཆེན་མོ་ལྷ་གནོད་འདུལ་གཟིགས་ནས་ལྡག་གྱི་བརྡའ་གཅིག་མཛད་ནས། དེ་ནས་ལྷ་གནོད་འདུལ་བསྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་ལན་སྟོང་ཀྱང་འཚལ་ཞིང་། བག་བཞི་ས་ལ་བརྡབས་ནས་གསོལ་པ།
97b6 འབྱུང་བ་ལྔ་ལ་སོགས་པ་ཡིས།། མེ་ལ་སོགས་པ་ཇི་ལྟར་ལགས།། ས་ལ་སོགས་པ་ཇི་ལྟར་འབྱུང་།། སྲིད་པའི་འཇིག་རྟེན་ཐམས་ཅད་ན།། མོ་དང་པོའི་མཚན་ཉིད་ནི།། གང་ཞིག་སུ་ལས་སྐྱེས་པ་སྟེ།། ཐབས་དང
97b7 ཤེས་རབ་སུ་ལས་སྐྱེས།། སེམས་ཀྱི་རྟག་ཆད་ཇི་ལྟར་བགྱི།། ཡེ་ཤེས་མམ་པོ་གང་ལས་འབྱུང་།། ཡེ་ཤེས་ལྔ་ཉིང་གང་ལས་ཤར།། སྤྲུལ་པ་མང་གང་ཡས་ཤར།། སྐྱེ་མཆེད་ཆོས་དབྱིངས་ཅི་ལས་བགྱི།། ཡུམ་གྱི་མཁའ
iiif viewer powered by OpenSeadragon
97a - 98a