| | e-texts navigator
|
97a1 མ་མོ་སྣང་སྲིང་ཐིག་ལེའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་ལྡེ་ཀའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། སྔོན་འདས་པའི་དུས་ན་བྱུང་བའི་སྔོན་རོས་ནས། རི་རབ་རིའི་རྩེ་ལྷ་གསུང་དྲུང་གིས་གནས་ནས། བཅོམ
97a2 ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དཔལ་ཧེ་རུ་ཀ་ཡིས།། སྲིད་པ་ཐམས་ཅད་ཡུམ་གྱི་མཁའ་ཡས་ཤར་བར་མཁྱེན་ནས། ཡུམ་ཆེན་མོ་ཉིད་བཞིན་མུ་ལའི་མཁའ་བདེ་བ་ཆེན་པོའི་མུ་གྲོང་གསང་བའི་གནས་ནས།།
97a3 ཐིག་ལེ་ཆེན་པོའི་ཚུལ་དུ་བཞེས་ནས། རྡོ་རྗེ་གསང་བའི་ཐུགས་ཀ་ནས། ཧཱུཾ་དཀར་པོ་ཞིག་ལས་གསང་བའི་འཕྲོ་འདུ་རྒྱུན་མི་བཅད་པར་སྐྱེ་བ་ལས་ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལིའི་བྷ་ག་དགྱེས་པ་ཆེན་པོའི་ཚུལ་དུ་ཐིམ་པར
97a4 མཛད་དོ།། ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལིའི་དགྱེས་པ་ཆེན་པོ་ཐིམ་པར་མཛད་ནས། པད་མའི་འདབ་མ་རྒྱས་པར་མཛད་དོ།། པདྨའི་འདབ་མ་རྒྱས་པར་མཛད་ནས། སྟོང་གི་འཇིག་རྟེན་གྱི་ཁཾས་ཁེངས་པར་མཛད་དོ།།
97a5 དེས་སྟོང་གི་འཇིག་རྟེན་གྱི་ཁམས་ནས་རཀྟ་ཆགས་པ་ཐམས་ཅད་པདྨས་གཡོས་པར་གྱུར་ཏོ།། ངེས་སྲིད་པའི་འཇིག་རྟེན་གྱི་ཁམས་ན། རྡོ་རྗེ་གྱུར་པ་ཐམས་ཅད་རྡོ་རྗེ་རྩ་བཏེག་པར་གྱུར་ཏེ་ཆགས་པའི་སེམས་གཡོས་ནས
97a6 ཤིན་ཏུ་ངོ་མཚར་སྐྱེས་ནས་རྫུ་འཕྲུལ་གྱི་ཤུགས་ཀྱིས་ཆགས་པའི་བཞི་མུ་ག་ལ་བ་དེར་དོང་ངོ་།། དེ་ནས་བྷ་གའི་དཀྱིལ་འཁོར་ཆགས་པའི་གནས་སུ་ཕྱིན་ནས། དངས་ནས་སོ་སོ་ན་གུས་པར་ཕྱག་འཚལ་བ་ནི། གཡུང་དུང
97a7 ལྷའི་གཙོ་བོ་གནོད་འདུལ་ལྷའི་རྒྱལ་པོ་ལ་སོགས་པ། ལྷ་གཡུང་དྲུང་གི་རྒྱལ་མོ་སྲིད་པ་ཕྲ་མེན་རྒྱ་མཚོ་ལ་སོགས་པ། མ་མོ་བཅུ་བཞིའི་དཀྱིལ་འཁོར་དང་། སྲིད་པ་སྨན་ཆེན་མོའི་ཚོགས་དང་། ལྷའི་ཚོགས་ཀྱི་རྗེ་མོ་ལ་སོགས
iiif viewer powered by OpenSeadragon
96b - 97b