| | e-texts navigator
|
88a1 ཛིན་ཏྲིས་ཛེ་མ་ཧཱ་ཧནྟཱ་ན་མ། བོད་སྐད་དུ། ལས་ཀྱི་མཁའ་གྲོ་མ་དེ་ཁོ་ན་ཉིད་གསུམ་དུ་འཇུས་པ་ཞེས་བྱ་བའི་རྩིབས་ཀྱི་རྒྱུད་ཆེན་པོ།། བཅོམ་ལྡན་འདས་ངག་གི་དཔལ་ལ་ཕྱག་འཚལ་མོ།། འདི་སྐད་འདག་ན
88a2 ཐོས་པ་དུས་གཅིག་ན། རི་རབ་ཀྱི་རྩེ་མོ་བྱང་ཤར་གྱི་མཚམས་ཤིང་ཡོངས་འདྲའི་ཚལ་ཆེན་པོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་བཅོམ་ལྡན་འདས་ཕྱག་རྡོ་རྗེ་ལ་འཁོར་སྒྲ་མ་སིན་སྡེ
88a3 བརྒྱད་ལ་སོགས་པ། མཁའ་གྲོ་མའི་ཚོགས་བྱེ་བ་དུང་འཕྱར་གྱིས་བསྐོར་ཏེ་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་འཁོར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་མཆོད་པ་ཕུལ་ནས་ཀརྨ་ཌཱ་ཀི་ནི་འདི་སྐད་ཞུབ
88a4 སོ།། སྟོབས་ཆེན་དྲག་པོ་འཇོམས་མཛད་རྡོ་རྗེ་ཅན།། བཅུས་ཀྱིས་བསྡུས་པའི་འགྲོ་བ་བདག་ལ་སོགས།། བསྟན་པ་འདི་ལ་ཇི་ལྟར་སྨིན་པར་བགྱི།། ཡེ་ཤེས་སྤྲུལ་པ་རང་རྒྱུད་གྲུབ་པ་མོ།། དེ་བཞིན་རིགས་དང་ངེས་ཚིག་ཇི་ལྟར
88a5 ལགས།། བཀའ་སྩོལ་བདག་ཅག་མཉན་པར་འཚལ།། དེའི་ཚེ་དཔལ་ཕྱག་ན་རྡོ་རྗེས་པདྨའི་གདན་ལས་བཞེགས་ཏེ་བཀའ་སྩལ་པ།། འདས་པའི་དུས་མ་བྱུང་བའི་སྔོན་རོལ་དུ་བཅུད་ནི་བསྐལ་པའི་རྣམ་གྲངས་ཀྱིས་འགྲུས།།
88a6 ལུས་མེད་ཤེས་པ་ཆང་སྤང་བཞིན་དུ་གནས།། འཇིག་ཆགས་གཉིས་ཀྱི་སྟོང་གནས་ལས།། དུས་ཅིག་ཆ་ཐང་རླུང་འཐབས་འབྲས་བུར་སྨིན།། དེ་མིང་སྤྱི་མཐུན་ལས་ཀྱི་མཁ་འགྲོ་མ།། ལུས་ལ་ལྟ་བས་མི་ངོམས་སྤྱན་གསུམ་པ།།
88a7 མཆེ་གཙིགས་གཅོང་རོང་ཆགས་པའི་གདུང་བས་གཡོས།། ཕྱག་གིས་བྷ་ག་བགྲད་པ་རླུང་གིས་ལ་སྐྱོང་།། འབྱུང་བ་བཞི་འདུས་རྒྱུ་དང་རྐྱེན་དུ་ཕྲད།། འགྲོ་དྲུག་མ་པུ་ཏིལ་གང་བཞིན་དུ་སྨིན།། འབྱུང་བ་འདུས་པའི་མཁའ་གྲོ་མ།
iiif viewer powered by OpenSeadragon
87b - 88b