e-texts navigator
Collection
Volume
Page
Wylie

87b1 ལས་ཀྱི་ཀརྨས་རྡོ་རྗེ་རྒྱལ་ཐེབས་ལ་རྒྱན་ཆ་གསོལ་ཏེ་འདི་སྐད་།། ཧཱུཾ་བཀའ་གསང་བའི་གནས་མཆོག་འདིར། རྡོ་རྗེ་རྒྱལ་ཐེབས་གསན་ཅིང་དགོངས་སུ་གསོལ།། རྡོ་རྗེ་རྒྱལ་པོ་མཉེལ་ཅིང་མཉེལ་བའི་ཚོང་། ཁྲུགས་ངས
87b2 འགྲོ་ནས་གཟུང་ནས་བསྐང་བའི་ཕྱིར།། རྒྱན་ཆས་གསུམ་གྱི་མངའ་གསོལོ།། ཞྭ་དཀར་ཚིལ་ཆེན་དབུ་རྒྱན་དང་།། མཆོག་གི་ཕུང་བུ་བཅིངས་པ་དང་།། དྲུང་ཆེན་འབྲེང་བས་དབང་བསྐུར་དེ།། རྒྱན་ཆ་གསུམ་གྱིས་དབང
87b3 བསྐུར་བས།། བདུད་དང་མུ་སྟེགས་རྡུལ་དུ་རློག། དེ་ནས་མཆོག་སྦྱིན་ལ་མཚན་གདབ་པ་འདི་སྐད་དོ།། དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། ཡེ་ཤེས་ཆེན་པོའི་ཀློང་དཀྱིས་ནས།། དཔེར་ན་ཀུན་དང་གཅིག་པ་དང་།
87b4 མོ་གཡབ་ཀྱིས་གདབ་པ་དང་།། མཁའ་གྲོ་དབང་དུ་བསྡུ་བའི་ཕྱིར།། དཔལ་ཆེན་མཚན་མ་དཔྲལ་བར་གདབ།། མཚན་མ་དཔྲལ་བར་མི་གདབ་ཏུ།། དཔལ་ཆེན་ཀུན་དང་རང་རྟགས་གཅིག། པདྨའི་རཀྟའི་མཚན་མ་འདི
87b5 སྤྱི་མཚམས་བར་དུ་ཐིག་ལེར་དགོང་།། ཞག་གི་སོར་རིས་ཁ་འགྲམ་ལ།། བདུད་རྩི་རཀྟ་ཐུགས་ཁ་ལ།། ཨོཾ་ཀར་སིང་སིང་ཧ། ཨོཾ་ཀར་སིང་ཀར་སིང་ཙ། ཞེས་ཀུན་གྱི་དི་རི་དི་རི་བཟླས་ཤིང་ཀུན་ལ་གདབ་སོ།། རྡོ་རྗེ་རྒྱལ
87b6 ཐེབས་མངའ་གསོལ་ཞིང་མཆེད་ལ་ཚན་གདབ་པའི་ལེའུ་སྟེ་བརྒྱ་བཞི་བཅུ་ཞེ་གཅིག་པའོ།། །། བསྟན་པ་བསྲུངས་པའི་མན་ངག་གི་ཐུགས་ཀྱི་ཡང་སྙིང་། མ་མོ་འབུམ་ཏིག་འདི། རྩ་བའི་རྒྱུད་ལ་ལེའུ་ཞེ་བརྒྱད་ཕྱི་མས
87b7 ལེའུ་དགུ་བཅུ་གོ་གཉིས། འཕྱོང་གི་ལེའུ་གཉིས་ཏེ་བསྡོམས་པས་བརྒྱ་བཞི་བཅུ་ཞེ་གཅིག་པ་རྫོགས་སྷོ།། རྒྱ་གར་སྐད་དུ། ཀརྨ་ཌཱ་ཀི་ཏྲན




iiif viewer powered by OpenSeadragon

87a - 88a

Texts on this page

Gkk1.1 - thugs kyi yang snying ma mo 'bum tig gi rgyud
Gkk1.2 - las kyi mkha' 'gro ma de kho na nyid gsum du 'dus pa zhes bya ba'i rgyud