e-texts navigator
Collection
Volume
Page
Wylie

87a1 མས་ས་བརྗོད་པ་དྲང་པོ། ལ་གང་གཏོར་མ་ནངས་པའི་ལེས་བཏུ་བཞི་འདྲུ་བ་འོ།། རྡོརྗེ་རྒྱལ་ཐབས་ལ་ལ་སུམ་སངས་པ་ཀ། ཛ་རྗེ་རྒྱལ་པ་ལརྒྱན་རྣམ་ནམས་ལའང་སྐད་ག། ཟུགས་པ་ཚམ
87a2 དཀྱིལ་འཁོར་དུ།། རང་བཞིན་མཚན་མའི་དུ་ནི་འདི་ཉིད་དུ།། རྡོ་རྗེ་རྒྱལ་པོར་མངའ་གསོལ་ལོ།། ཐེག་པ་ཀུན་ལ་ཡངས་པ་དང་།། མ་མོ་དབང་དུ་བསྡུ་བའི་ཕྱིར།། ཤུན་ཆེན་ར་ཡ་ཀ་འདི་གསོལ་བས།། མི་འཁོར་ཆོས་ཉིད་རྒྱན་དུ་ཤོག
87a3 གུ་ཡ་སིངྒི་ཧཱུ~ཾ། ཞེས་བསྐལ་ལོ།། ཨུ་རྒྱན་མཆོག་གི་མངའ་གསོལ་ཨོ།། ཐེག་པ་ཡང་སུ་དཔག་པ་དང་།། སྲིད་གསུམ་དབང་དུ་བསྡུ་བའི་ཕྱིར།། སྲིད་པ་སྠི་བླུགས་དབུ་ཝཱ་འདི་གསོལ་པས།། སྲིད་པའི་དབང་ཆེན་རྣམས
87a4 ས་དབང་སྒྱུར་ཤིག། ཨོཾ་གུ་ཡ་ཧེ་ཧེ། ཞེས་བརྗོད་པས་དབུ་ཡ་གསོལ་ལོ།། དེ་ནས་ཞིང་གི་སོར་ཕྲེང་དབུལ་བ་འདི་སྐད་དོ།། ཐེག་པ་ཡོངས་ལ་འཕགས་པ་དང་།། མ་མོའི་སྲོག་སྙིང་དྲངས་པའི་ཕྱིར།། ཞིང་གི་སོར་ཕྲེང་འདི་ཕུལ
87a5 བས།། མེ་མོ་རྣམས་ལ་དབང་སྒྱུར་ཤོག། ཨོཾ་གུ་ཡ་མ་མ་རཀྵ་ཧཱུ~ཾ། ཕྱག་ཏུ་དབུལ་ལོ།། ཕྱག་རྒྱ་ཆེན་པོ་མངའ་གསོལ་ལོ།། བདུད་དང་མུ་སྟེགས་འདུལ་བ་དང་།། མ་མོ་གཡབ་ཀྱིས་གདབ་པའི་ཕྱིར།། རྩེ་ལྔ་འབར་བའི་ཕྱག
87a6 རྒྱ་འདི་སྒོམ་ལ།། བདུད་དང་མུ་སྟེགས་དབང་དུ་བསྡུས།། ཨོཾ་གུ་ཡཱ་ཧ་ཧ། ཞེས་བརྗོད་ལ་དབུལ་ལོ།། སྟེགས་ལྤགས་གཡང་གཞི་མངའ་གསོལ་ལོ།། བདུད་བཞི་རྡུལ་དུ་རློག་པ་དང་།། འཕྲིན་ལས་རྣམས་བཞི་བསྒྲུབ་པ
87a7 ཕྱིར།། སྟག་སྔགས་གཡང་གཞི་འདི་གསོལ་བས།། དཔལ་རྡུལ་ཟ་བྱེད་རྒྱན་དང་ལྡན་པར་ཤོག། ཨོཾ་གུ་ཡ་བྱ་བྲི་ཙྪ། ཞེས་བརྗོད་ལ་དབུལ་གསོལ་ལོ།། དེ་ནས་ཡུམ་ལ་རྒྱན་ཆ་གསོལ་ཏེ།། གཙོ་བོ་ཡབ་དང་མཐུན་ནོ།། དེ་ནས




iiif viewer powered by OpenSeadragon

86b - 87b

Texts on this page

Gkk1.1 - thugs kyi yang snying ma mo 'bum tig gi rgyud