| | e-texts navigator
|
86b1 བའི་ཚུལ་གྱིས་ཕྱག་འཚལ་ལོ།། ཙུཾ་ཡང་དག་གསང་བའི་དཀྱིལ་འཁོར་དུ།། དམ་ཚིག་ཟུང་གི་འབྲེལ་པའི་ཆེད།། མ་བུའི་འདུ་ཤེས་ཉེར་གཞག་ནས།། གདུང་བའི་ཚུལ་གྱིས་ཕྱག་འཚམ་མོ།། ཨ་ཡ་ལ་སོ།། ཞེས་ཕྱག་བྱའོ།།
86b2 ཧཱུཾ་དགོངས་ཤིག་ཡེ་ཤེས་མངོན་རྫོགས་ལྷ།། ཡབ་ཡུམ་འཁོར་དང་བཅས་པ་རྣམས།། བདག་ཅག་རྣལ་འབྱོར་བསྒྲུབ་པ་ལ།། དགྱེས་ཤིང་ཡེ་ཤེས་མདངས་ཕྱུང་ཅིག། བྱམས་པས་ཕྱོགས་མེད་སྤྱན་གྱིས་གཟིགས།། འཁོར་བའི་སེམ
86b3 ཅན་བདག་ཅག་རྣམས།། མ་རིག་འཁྲུལ་པའི་རང་དབང་གིས།། གཟུང་འཛིན་གཉིས་སུ་བཟུང་བས་ནོངས།། སྡིག་ཡེ་མ་འཛེམ་མི་དགེ་སྣ་ཚོགས་སྤྲད།། གྲིབ་མང་ངན་པས་ན་བུན་བཞིན་དུ་གཏིབས་ཤིང་མཆིངས།། མ་གསང་མི་འཆབ
86b4 ཡེ་ཤེས་ལྷ་ཡ་འཐོལ།། ཡེ་ཤེས་ལྷ་ཡིས་བཟོད་པར་བ་ཞེས།། ཨ་ཡ་ཡ་ཧོ།། བརྡའ་སྒོ་དབྱེ་ཞིང་བཞགས་པ་བྱེད་པའི་ལེའུ་སྟེ་བརྒྱ་སོ་དགུ་པའོ།། །། ཧཱུཾ་རིན་ཆེན་ཨིནྡྲ་ནི་ལེའི་བུམ་པ་རུ།། འབྲུ་བཅུད་སྟོང་ཡ་སྦར་བའི་འཛའ།
86b5 གང་དཔའ་བོས་གཏམ་མས།། གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ།། འཐུང་བས་ཚིམ་པའི་ལོངས་སྤྱོད་ཆེན་པོ་འདི།། མཆོད་ནི་ཡེ་ཤེས་ལྷ་ཡ་མཆོད།། བསྐོང་ནི་མ་མོའི་ཐུགས་དམ་བསྐོང་།། འབུལ་ནི་སློབ་དཔོན
86b6 གྷ་ཡ་འབུ་ལ།། ཨ་ཡ་ཡ་ཏེ་བཞེས་སུ་གསོལ་ལོ།། མདུན་དུ་དྲང་ངོ་།། ཧཱུཾ་གཞོང་པ་བླ་གམ་དཀྱིལ་འཁོར་དུ།། ཚེ་དང་གལ་གཉིས་མཐུན་སྡེ་བས་སོ།། དཀར་གྱི་ཐིག་དཀྱི་དམར་གྱི་གུར་ཕུང་པའི།། ལོངས་སྤྱོད་མཆོད་པ་ཆེན་པོ་འདིས།
86b7 འཕགས་པ་མཆོད་ཡམ་མོ་བསྐོངས།། ཨ་ལ་ཡ་ཧོ།། རཀྟ་ཁྲག་གི་རྒྱ་མཚོའི་ཐིག་ལེ་དང་། སྣང་སྲིད་ཁྲག་གི་རྦ་རྭ་བས་ཆི་ཡི་ལི།། མཁའ་དབྱིངས་རྒྱལ་བ་མ་ལུས་མཆོད་པ་དང་།། འཕགས་པ་མཆོད་ལ་མ་མོའི་ཐུགས་དམ་བསྐོར་།
iiif viewer powered by OpenSeadragon
86a - 87a