e-texts navigator
Collection
Volume
Page
Wylie

86a1 བ་ཡི་ཀ་ཤ་ཀ། རག་ཕུར་ཏྲ་ཕཊ། ཛ་ཛ་ཕཊ་ཕཊ་རྦང་རྦད། རཀྵ་གྲི་ར་རུ་སི་ནན། དུ་ཏྲི་ཚོ་རུབ་པ་ཤ་ཁྲགས་རུལ་པུ་ནི་ཁྲག་དུ་དུ་ཛ། རཀྵ་སྙིང་ཡས་ཡང་ཅིབ་མ་ལ་ཤ། རོ་ལ་ཁྲག་འཐུང་བུཾ་ཛ་ད། ཙི་བ་རགྷ་རྦང་རྦང་གདུག
86a2 པའི་ལྷ་མོ་མི་སྲིན་གྱིས་གསང་བའི་ལེའུ་སྟེ་བརྒྱ་སོ་བདུན་པའོ།། ། གི་ཡིང་གཡོས་ཤ་ཡང་པུ་ར་ཏོ།། བཾ་ནི་རཱ་ཡ་གར་བྷཱ་ཡ། གུར་བ་པ་ཏི་ཡཱ། བེ་ཧ་མ་ཤོ་ཏིང་ནོར་རྟིང་ཡིང་། ས་མུནྟི་ཕཊ་ཕཊ། རབ་ཤིང་ཀ་ས་ནི་ཀི་ན་ཡ
86a3 དང་། སྣི་སྣི་ཡ་གུ་མ་གུཾ་དུནྟི་ཡཱ། གུ་མ་གུཾ། པ་ཏི་ཡ་གུཾ་གུཾ། བ་ཡ་ཏ་ན། ཨོཾ་ཤི་ལ་དནྟིང་ཨཽ། ཀྲང་ལང་པ་ས་མི་ཨཽ། ཨཽ་ཨཽ་ཨཽ། ཧཱུཾ་ཧཱུཾ། ཛ་ཡ་ཛ་ལ། སརྦ་ཛྭ་ལ་ཀ་བྷ་མཱ་རཱ་ཡཱ་དཾ་ནིརྟི་ཡེ། ཨེ་དན་དན། ནང་གྲི་ཡ་ལང་། ཧ་ར་ཧ་ར། བ
86a4 ར་འགྲེ། ཧེ་བ་ཆིངས་ཤིག། ཀྲང་ཅིང་ཧ་ར་སྭཱ་ཧཱ། ཉུང་ཀར་དང་ཆུ་ཡ་བརྒྱ་རྩ་བརྒྱད་བཟླས་ཏེ་གཏོར་རོ།། ཨོཾ་ཧ་ར་ཧ་ར་ས་མ་ཡ། ཙང་ཤིག་ཅང་ཤིག་ཧ་ར་སྭཱ་ཧཱ། མ་མོ་རྣང་སྲིད་དབང་དུ་བསྡུ་བའི་ལེའུ་སྟེ་བརྒྱ་སོ་བརྒྱད་པའོ།།
86a5 ཧཱུཾ་ངོ་བྲང་རིན་ཆེན་གཞལ་ཡས་ཁང་།། ཕོ་བྲང་འབྱམ་ཀླས་སྤྲིན་གཏིབས་ཤིང་།། ཕོ་བྲང་རིན་ཆེན་གཞལ་ཁང་།། རིན་ཆེན་མཛེས་པའི་རྒྱན་ལྷ་བ་ལྡུམ།། ཤར་ལྷོ་ནུབ་བྱང་སྒོ་བཞི་ནས།། འཇིགས་པ་བཞི་ཡི་སྒོ་བཀག
86a6 ཀྱང་།། མགྱོག་མ་བཞི་ཡིས་སྒོ་ཕྱེ་ཅིག། ཁཾ་བྷྲཱུཾ་པྲ་བེ་ཤ་ཤག། ཅེས་བརྗོད་ལ་སྒོ་དབྱེའོ།། ཧཱུཾ་ཡང་དག་གསང་བའི་དཀྱིལ་འཁོར་དུ།། སངས་རྒྱས་བདེ་ཆེན་ཡང་དག་ལ།། ཡང་ཡུམ་སྲས་དང་འཁོར་བཅས་རྣམས།།
86a7 རིགས་ཀྱི་ལྷར་ནི་རྣམ་རྟོག་ཅིང་།། གཉིས་མེད་དོན་གྱི་འཕེལ་བ་ལ།། མི་ཕྱེད་དང་པས་ཕྱག་འཚལ་ལོ།། ཧཱུཾ་ཡང་དག་གསང་བའི་དཀྱིལ་འཁོར་དུ།། རྡོ་རྗེ་སློབ་དཔོན་ཡེ་ཤེས་ལྷ།། བཀའ་དྲིན་རྗེས་སུ་དྲན་པའི་ཕྱིར།། གསང




iiif viewer powered by OpenSeadragon

85b - 86b

Texts on this page

Gkk1.1 - thugs kyi yang snying ma mo 'bum tig gi rgyud