e-texts navigator
Collection
Volume
Page
Wylie

3b1 མ་མོའི་ས་རྣམས་ངེས་པར་ཐོབ།། ཡིད་བཞིན་ནོར་བུམ་བཙལ་རྙེད།། ཡེ་ཤེས་ཉི་མ་རངལ་ཤར།། ཆེན་པོ་ལྔའི་ངང་ཉིད་དུ།། ཐམས་ཅད་མ་ལུས་སངས་རྒྱས་སོ།། གསང་པ་གཏན་ཚིག་གི་ལེའུ་སྟེ་དང་པོའོ།།
3b2 གནོད་འདུལ་ལྷ་ཡི་ཡང་གསོལ་པ།། ཐེག་པདམན་པའི་འོག་མ་དང་།། སྐྱེ་བོ་དམ་མེད་དམ་ཉམས་ལ།། མི་སྟན་སྦ་བའི་དམ་ཚིག་གང་།། བདག་གིས་ནན་ཏན་ཇི་ལྟར་བགྱི།། མངོན་སངས་རྒྱས་ལ་བདག་ཉན་འཚལ།
3b3 མངོན་སངས་རྒྱས་ཀྱི་བཀའ་སྩོལ་ཅིག། དེ་སྐད་གསོལ་བ་གསན་ནས་ཀྱང་།། མངོན་སངས་རྒྱས་ཀྱི་བཀའ་སྩལ་པ།། ཐེག་པ་དམན་པའི་འོག་མ་དང་།། སྐྱེ་བོ་དམ་མེད་དམ་ཉམས་པ།། མི་བསྟན་པའི་དམ་ཚིག་ནི།
3b4 ཐེ་ཚོམ་མེད་པར་ངེས་སྟན་གྱི།། ངས་གསུངས་པ་ལ་རྩེ་གཅིག་སེམས་བསྐྱེད་ཅིག། ཐེག་པ་འོག་མ་རྣམས་ལ་གསང་བ་ནི།། རྟོག་པའི་ལྟ་བ་ཆེན་པོ་གསང་།། མཛོད་སྤྱོད་ངོ་མཚར་ཆེན་པོ་གསང་།། རྡོ་རྗེ་སློབ
3b5 དཔོན་བསྒྲུབ་རོག་གསང་།། མ་མོ་བསྟན་པའི་དམ་རྫས་གསང་།། བསྒྲུབ་པར་བྱེད་པའི་ལག་ཆ་གསང་།། བཟླས་པར་བྱ་བའི་སྔགས་རྣམས་གསང་།། བསྒྲུབ་པའི་གནས་ཀྱང་དེ་བཞིན་ནོ།། བསྒྲུབ་པའི་དུས
3b6 ཀྱང་དེ་བཞིན་ནོ།། བསྒྲུབ་པའི་རྟགས་ཀྱང་དེ་བཞིན་ནོ།། དངོས་གྲུབ་རྟགས་ཀྱང་བ་ལྔ་མ་བཞིན།། བླང་བའི་ཐབས་ཀྱང་གསང་བར་བྱ།། དབང་དུ་བསྡུ་བའི་ཐབས་ཀྱང་རབ་ཏུ་གསད།། བཀོལ་བའི་ཐབས་ཀྱང་དེ་བཞིན།།
3b7 གདམས་པའི་གསང་པའི་དམ་ཚིག་ནི།། གདམས་པ་བཞིན་དུ་མཉན་ཏེ།། གསང་བ་མཐུབ་འབྲས་བུ་ནི།། ཏིལ་འབྲུ་ཙམ་ཡང་ཐོབ་མི་འགྱུར།། དངོས་གྲུབ་ཉིད་ཀྱང་རིང་བ་དང་།། དེ་ནི་རིགས་ཀྱང་ཡོད་མི




iiif viewer powered by OpenSeadragon

3a - 4a

Texts on this page

Gkk1.1 - thugs kyi yang snying ma mo 'bum tig gi rgyud