| | e-texts navigator
|
3a1 གཡུང་དྲུང་ཡང་དག་པ།། འདུ་འབྲལ་མེད་པ་ཡུམ་གྱི་དབྱིངས།། སྐྱེ་ཤི་མེད་པ་ཡབ་ཀྱི་མཁའ།། བླང་ངོར་མེད་པ་བདེ་ཆེན་གྲོང་།། བདེ་བ་ཆེན་པོའི་དོན
3a2 རྟོགས་ན།། བླང་ངོར་མེད་པ་དེ་ཡིས་འགྲུབ།། གཉིས་མེད་དོན་རྟོགས་དེའི་ངང་།། རྡོ་རྗེ་སེམས་དཔས་ཡད་གསོལ་བ།། ཆོས་ཉིད་ཟག་པའི་གཡུང་དྲུབ་ག།། སེམས་ཉིད་རྟོགས་པའི
3a3 བློས་བཞག་ན།། འགྱུར་མེད་དོན་ཞེས་རུང་ལགས་སམ།། ཡང་དག་རྫོགས་ཀྱི་བཀའ་སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ཆོས་ཉིད་རྟག་པའི་གཡུང་དྲུང་ལ།། སེམས
3a4 ཉིད་རྟག་པའི་བྲོ་བཞག་པ།། རྫོགས་པའི་ལྟ་བར་ལ་དོར་རོ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། མ་ཞེས་བྱ་བ་གང་གི་དབྱིངས།། མོ་ཞེས་བྱ་བ་གང་གི་ཀློང་།། མ་མོའི་གཏན་ཚིགས
3a5 ཇི་ལྟར་ལགས།། འབྱུང་བ་ལྔ་པོ་གང་ལས་གྲུབ།། སངས་རྒྱས་དགོངས་པ་གང་གིས་འགྲུབ། བདེ་བ་ཆེན་པོའི་རང་ཉིད་ལས།། རྒྱུ་རྐྱེན་གཉིས་ཀྱི་བསྐྱེད་ལགས་སམ།
3a6 འབྱུང་བ་ལྔ་ཡི་རང་ཉིད་ལས།། འདི་ལ་འཕོ་འགྱུར་མཆིས་ལགས་སམ།། ཡང་དག་རྫོགས་ཀྱི་བཀའ་སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། མ་མོའི་དོན་རྣམས་རྟོགས་པ་ནི།།
iiif viewer powered by OpenSeadragon
2b - 3b