| | e-texts navigator
|
282a1 སེར་སྣའི་དབང་དུ་གྱུར་པ་དང་། ཁྲོ་བའི་དབང་དུ་གྱུར་པ་ལ་སོགས་པ་རྣམས་ཀྱི་དོན་བསྒྲུབ་པའི་བར། གདུལ་བར་བྱ་བའི་འཁོར་ཁ་ཅིག་ནི་དེ་བཞིན་གཤེགས་པའི་རིགས
282a2 བཞུགས་པར་མཛད་དོཿདེ་བཞིན་དུ་ཁ་གཅིག་ལ་ནི་རྡོ་རྗེའི་རིགས་དང་\ུ0f7fཁ་གཅིག་ལ་ནི་རིན་པོ་ཆེའི་རིགས་དང་\ུ0f7fཁ་གཅིག་ལ་ནི་པད་མིའི་རིགས་དང་\ུ0f7fཁ་གཅིག་ལ་ནི་འཕྲིན་ལས་ཀྱི་རིགས་དང
282a3 ཁ་གཅིག་ལ་ནི་སྦྱིན་པ་ཆེན་པོའི་རིགས་དང་\ུ0f7fཁ་གཅིག་ལ་ནི་ཁྲོ་བོ་ཆེན་པོའི་རིགས་ལ་སོགས་པ་རྣམས་ཀྱིས་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་བའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་རྣམ་པར
282a4 འཕྲུལ་པ་བསམཾ་གྱིས་མི་ཁྱབ་པ་རབ་ཏུ་བསྟན་ཏོཿདེ་ནས་ཕྱོགས་བཅུའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བའི་གཞལ་མེད་ཁང་གི་རང་བཞིན་སངས་རྒྱས་ཀྱི་ཞིང་གི་བཀོད་པ་དེ་དག་སོ་སོའི་གཙོ་བོ་རྣམ
282a5 ལཿསོ་སོའི་འཁོར་རྣམས་ཀྱིས་རང་གི་བསྟན་པའི་སྡེ་སྣོད་གསུང་དབྱངས་མི་ཟད་པའི་ཡན་ལག་བསམ་གྱི་མི་ཁྱབ་པ་རྣམས་ཞུ་ཞིང་འགྲོ་བ་སེམས་ལ་སྣང་བར་གྱུར་ཏོཿདེ་དག་ཐམས་ཅད
282a6 ཀྱི་ཡང་གཙོ་བོ་སངས་རྒྱས་ཐམས་ཅད་ཀྱི་ཡང་རྗེ་བོ་ཀུན་ཏུ་བཟང་པོ་ཉིད་ལ་ཞུ་ཞིང་\ུ0f7fའགྲོ་བ་སེམས་ལ་སྣང་བར་གྱུར་ནས། ཐམས་ཅད་ཀྱི་འགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། ཨེ་མོ་དཔལ
282a7 ཆེན་ཀུན་གྱི་མཆོགསདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་དང་།། ཡོན་ཏན་དཔག་མེད་ཇི་སྙེད་པ།། མ་ལུས་ཁྱོད་ཀྱི་ཐུགས་ལ་གནས།། བློ་ལྡན་རྣམ་ཀྱིས
iiif viewer powered by OpenSeadragon
281b - 282b