e-texts navigator
Collection
Volume
Page
Wylie

280b1 #པ་དཔག་མེད་ལསཿགནོད་རྟོགས་ཞི་དང་འདོད་པའི་དོན་རྒྱས་དང་། ཕལ་པ་དབང་སྒྱུར་གདུག་པ་ཚར་གཅོད་པའི་ཀུན་གྱི་དོན་སྤྱོད་འཕྲིན་ལས་དེ་མཛོད་ཅིགཿཞེས་བསྐུལ་བས་དེ་མ་ཐག་ཏུ་བཅོམ
280b2 ལྡན་འདས་ཉིད་ཀྱིས་སྐུ་གསུང་ཐུགས་ཀྱི་གནས་ཐམས་ཅད་ནསཿའོད་ཟེར་གྱི་དྲ་བ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ལྡན་པའི་འོད་ཟེར་དྲ་བ་ཆེན་པོ་སྐྱེ་སྟེ།
280b3 ན་མཁའིའ་ཁམས་མ་ལུས་པ་ཐམས་ཅད་སྣང་བར་མཛད་པ་དང་། འཁོར་འདུས་པ་དེ་དག་གིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ན་མ་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བར
280b4 བཞུགས་ནསཿལྷམ་མེ་ལྷང་ངེ་ལྷན་ནེ་བ་མཐོང་བར་གྱུར་ཏོ།། དེ་ལྟར་འདུག་པའི་ཁྱད་པར་དུཿཡང་དག་པར་རྫོགས་པའི་སངས་རྒྱས་གང་ཆེན་མཚོ་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་ཞིང
280b5 སྟུག་པོ་བཀོད་པའི་གནས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་སྐུ་གསུང་ཀྱི་རྣམ་པར་འཕྲུལ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་སངས་རྒྱས་དེ་དག་ནི་འཁོར་གྱི་ཐོག་མ
280b6 འདུག་པར་མཐོང་བར་གྱུར་ཏོ།། དེ་བཞིན་དུ་ཤར་ཕྱོགས་ཀྱི་ན་མཁྲིའ་ཁམས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་གདོན་མི་ཟ་བར་གྲུབ་པའི་སངས་རྒྱས་ཀྱི་ཞིང་པདྨ་རྩེགས་པའི་གནས་ན
280b7 ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་\ུ0f7fསངས་རྒྱས་དེ་དག་གི་འཁོར་གྱི་ཐོག་མར་འདག་པར




iiif viewer powered by OpenSeadragon

280a - 281a

Texts on this page

Gkk1.13 - ma tshang kha bskang ba'i rgyud