| | e-texts navigator
|
280a1 སྣང་བ་ལ་སོགས་པ། ཡུལ་དང་སྡང་བ་དང་། དངོས་པོ་དང་། སྲིད་པ་དང་། ཞི་བ་དང་\ུ0f7fམྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མ་ལུས་ཤིང་། ཡང་དག
280a2 པར་གཟིགས་པསཿརྣམ་པར་གཟིགས་པར་མཛད་དོཿདེ་ནས་ཡུམ་ཆེན་མོ་ཀུན་ཏུ་བཟང་པོ་ལ་སོགས་པཱཿཇི་སྙེད་དུ་འདུས་པའི་འཁོར་རྣམས་ཀྱིས་འདི་ཉིད་དོན་དང་ལྡན་པའི་ཆོས་ཐམ
280a3 ཅད་ཀྱིས་རང་གི་ངོ་བོ་སྟོང་པར་མཐོང་བ་ནིཿདཔེར་ན་ནམ་ཁིའི་མཚན་ཉིད་ནི་གཞན་གྱིས་རྟག་པར་དཀའ་ཞིང་\ུ0f7fག་ཞལ་བར་མི་ནུས་པ་བཞིན་དུ་མཐོང་ནས། བཅོམ་ལྡན་འདས་ལ་འདི་སྐད
280a4 ཅེས་གསོལ་ཏོ།། ཨོཾ་ཆོས་དབྱིངས་དོན་དམ་སྤྲོས་བྲལ་རང་བཞིན་ལས། གཟུགས་དང་མཚན་མིའི་འཛིན་པ་མི་མངའ་ཡང་\ུ0f7fབྱེང་པའི་ཤེས་རབ་མ་འགག་སྤོས་བྲལ་བའི་ཆོས་སྐུ་ལྷུན་ཆུ
280a5 མཉམ་ཉིད་བཞེངསུ་གསོལ། ཨ་གདོད་ནས་བྷའི་ཡེ་ཤེས་ཚོགས་ལས་གྲུབ། བསམ་གྱིས་མི་ཁྱབ་མ་ནྡན་དང་དཔེ་ཕྱེད་ལྡནཿལོངས་སྤྱོད་རྫོགས་པའི་སྐུ་མཆོག་རྟེན་དུ་གསོལ། ཧཱུཾ་རྣམ་པ
280a6 དག་པའི་སྨོན་ལམ་མཐུ་གྲུབ་ཅང་། བྱམས་དང་སྙིང་རྗེའི་ཐུགས་ཀྱང་རབ་བསྐྱེད་པའིཿསྣ་ཚོགས་རིགས་ཀྱི་རང་གི་མཆོག་གྱུར་ཡུལཿསྤྲུལ་པའི་སྐུའི་རིགས་ཀུན་དབྱུང་དུ་གསོལ། ཧྲིཿམ་འགགས
280a7 སྐྱེ་མེད་ངོ་བོ་སྟོང་ཉིད་སཱཿཡན་ལག་དྲུག་བཅུ་གསུངས་དབྱངས་ནད་མེདོ་པསཿབསྟན་པ་བརྒྱ་མཚོ་སོ་སོའི་བྱེ་བྲག་ཏུཿཀུན་གྱི་ལམ་གྱུར་སྡེ་སྣོད་དེ་གསུང་གཅིག། ཧ་མི་འགྱུར་ཐུགས་ཀྱི་དགོངས
iiif viewer powered by OpenSeadragon
279b - 280b