| | e-texts navigator
|
279b1 བསམ་གྱི་མི་ཁྱབ་བཿགཞལ་དུ་མེད་པ། བརྗོད་དུ་མེད་པ། དངོས་པོའི་རྡུལ་ཕྲ་རབ་ཀྱི་ཚད་དུ་གྱུར་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། \ུ0f7fདེ་ནས་བཅོམ་ལྡན་འདས་དེར་རབ་ཏུ་འདུས་པ།
279b2 འཁོར་གྱི་ཚོགས་ཆེན་པོ་དེ་དག་དང་། གཞན་ཡང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པ་དང་། དྲི་མ་དང་བཅས་པ་དང་། སེམས་ལས་བྱུང་བ་དང་།
279b3 སྟོང་པ་ཉིད་དང་། \ུ0f7fཤིན་ཏུ་སྟོང་པ་ཉིད་དང་། མ་རིག་པ་དང་། སྟོང་པ་ཉིད་ཆེན་པོ་དང་། རྒྱུའི་ཚོགས་དང་། གཞིའི་ཁྱད་པར་དང་། ལམ་གྱི་རང་བཞིན་དང་\ུ0f7fཐབས་དང་ཤེས་རབ་ཀྱི་བྱེད
279b4 པ་དང་\ུ0f7fམཐོང་བ་དང་\ུ0f7fསྒོམ་པ་དང་\ུ0f7fསྤྱད་པ་དང་\ུ0f7fཐོས་པ་དང་\ུ0f7fསྙོམས་པར་འཇུག་པ་དང་། འགོག་པ་དང་\ུ0f7fབགྲོད་པ་དང་\ུ0f7fསྤངས་པ་དང་། སྦྱར་བ་དང་\ུ0f7fབསྒྱུར་བ་དང་། ཤེས་པ་དང་།
279b5 མངོན་དུ་གྱུར་པ་དང་། དབང་དུ་གྱུར་པ་དང་། སོ་སོའི་རིག་པ་དང་། རྟོག་པར་བྱ་བ་དང་\ུ0f7fཀློང་དུ་གྱུར་པ་དང་\ུ0f7fསྐྱོད་པ་དང་\ུ0f7fའཇིག་པ་དང་\ུ0f7fའགྱུར་བ་དང་\ུ0f7fམི་སྤོ་བ་དང་\ུ0f7fརྟན་པ་དང་ཕྱོགས་དང
279b6 དུས་དང་\ུ0f7fཁམས་དང་\ུ0f7fརིགས་དང་། བྱེད་པ་དང་\ུ0f7fལས་དང་\ུ0f7fབསམ་པ་དང་\ུ0f7fསྐྱེ་གནས་དང་\ུ0f7fའཆི་འཕོ་བ་དང་\ུ0f7fལེན་པ་དང་\ུ0f7fའདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ་དང་། ཡིད
279b7 ཀྱི་སྲེད་པ་དང་། ཐ་མལ་པ་དང་། \ུ0f7fལོག་པ་དང་། ཕྱོགས་ཙམ་ཉིད་དང་། ཉེ་བ་དང་། ཡང་དག་པ་དང་། མཐར་ཐུགས་པ་དང་། མཆོག་ཏུ་སྣང་བ་དང་། མངོན་དུ་གྱུར་པ་དང་། ཐུན་མོང་སུ
iiif viewer powered by OpenSeadragon
279a - 280a