| | e-texts navigator
|
275b1 ནི་མཆོག་ཡོན་ཏན་ལྷ་ཚོགས་ཀྱི། སྲོག་དང་སྲོག་གི་སྙིང་པོར་བསྟན། དེ་ལྟར་སྲོག་ཐོབ་སྙིང་པོ་རྫོགས། ཐུན་མོངས་དངོས་གྲུབ་གང་འདོད་འགྲུབཿདེ་ལྟར་བཤད་ཅིང་གནས་པ་ནི་རང་གི་སེམ
275b2 ཉིད་དེར་འཁྲུལ་བས། སེམས་ཀྱི་རང་བཞིན་གདོད་ནས་དགཿརྒྱུ་དང་རྐྱེན་ལས་རག་མ་ལུས། སེམས་ཀྱི་ཆོ་འཕྲུལ་ཐམས་ཅད་ཀྱང་། ཡི་ནས་ལྷུན་གྱིས་གྲུབ་པ་ན་དཔེར་ན་འཚལ་དང
275b3 ཁུ་བ་ནིཿམཚལ་དམར་ཁུ་དང་དམར་བ་བཞིནཿཐུན་མོངས་དངོས་གྲུབ་ཐོབ་ནས་ནིཿམཆོག་གིས་དངོས་གྲུབ་ཆེན་པོ་ཐོབ། ཚེ་གཅིག་སངས་རྒྱས་པ་ལ་སྦྱོར། ཞེས་གསུངས་སོ།།
275b4 ཆེ་མཆོག་ཡོན་ཏན་གྱི་སྔགས་ཀྱི་དགོངས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བཿོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཐོག་མཐའ་ཨོཾ་དང་ཕཊ་བཞག་ནས
275b5 བཱ་ར་ན་ཡིག་འབྲུ་བ་དུན་གནས་པ། ཁྲག་ཐུང་ལྟ་རྒྱུད་སྲོག་སྙིང་ཡིནཿརབ་དུ་དབེན་པའི་དུ་ཁྲོད་དུཿཧཱུཾ་བྲཛྲ་ཧེ་རུ་ཀཿཡབ་ཡུ་མ་གཉིས་སུ་མེད་པར་གྱུར། རུ་ལུ་སྔགས་ཀྱི་འཕྲོ་འདུ་ཡིས
275b6 བདེ་གཤེགས་ཐུགས་དམ་རྒྱད་བསྐུལ་ནས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྔས་དངོས་གྲུབ་རང་དབང་བྱ་བ་དང་། འགྲོ་བའི་དོན་རྣམས་བྱ་བ་དང་། འཕྲིན་ལྔ་ཐམས་ཅད་འགྲུབ་པར
275b7 འགྱུར། ཞེས་གསུངས། ཡང་དག་ཐུགས་ཀྱི་དགོངས་པིའི་ལེའུ་སྟེ་བཅུ་བཞི་པའོ།། དེ་ན་ས་གཞན་ཡང་བ་ཤད་བྱ་བ། ཨོཾ་ཨ་ཀྲོད་ཏེ་ཡ་མན་ཏ་ཀ་ཧ་ན་མ་ཐ་བན་ཛ་ཧཱུཾ་ཕཊཿཐོག
iiif viewer powered by OpenSeadragon
275a - 276a