| | e-texts navigator
|
265b1 འདུལ་ཕྱག་རྒྱའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། ཉོན་ཅིག་འདུས་པའི་ཚོགས་ཅན་རྣམས་རྣལ་འབྱོར་སྔགས་ལ་མོས་པ་ལ། བླད་པ་དྲུག་སྔགས་བྱན
265b2 རྒྱ་སྟནཿོཾ་བཛྲ་སརྦ་དུས་སྟན་ཧཱུཾ་ཕཊ། སྟོབས་ཀྱི་ཡི་གེ་བརྒྱད་པ་ནི། སྟོབས་ལྡན་ནག་པོའི་གསང་སྔགས་ཡིན། ཉི་མའི་དཀྱིལ་འཁོར་དབུས་སུ་གསལ་བྱས་ནསཿརང་གི་སྔགས་བཅས
265b3 སྨོད་པའི་ཡི་གེ་ཏེ། འབྱུང་བ་ལྔ་འཁྲུག་སྡུག་བསྔལ་ཉམས་སུ་མྱོང་། མ་བཅོས་རང་འབྱུང་ངེས་པར་སྙིང་པོ་ཡ་ནིཿགསང་བ་ལྡོག་མེད་དྲག་སྔགས་རྒྱུ་རུ་བསྟན། ཞེས་གསུངསོ།། ངེས
265b4 པར་འབྱུང་བ་ཕྱི་མིའི་རྒྱུད་ལས། སྨོད་པ་དྲག་སྔགས་སྟོབས་ལྡན་ནག་པོའི་ཕྱག་རྒྱའི་ལེའུ་སྟེ་བཅུ་གཅིག་པའོ།། །། བ་སྒྲུབ་པ་བཀའ་བརྒྱད་ཕྱག་རྒྱའི་སྐབས་ཏེ་གསུམ་པའོ།།
265b5 བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ལས་ངེས་པར་འབྱུང་བ་ཕྱེ་མའི་རྒྱུད་ཞེས་བྱ་བ་ལེའུ་བཅུ་གཅིག་པའོ།། །། བ་རྫོགས་སོ།། །། ནྱ་ཀར་གྱི་མཁས
265b6 པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། ལོ་ཙ་བ་བཻ་རོ་ཙ་ནས་བསྒྱུར་ཅིང་ཞེས་ཏེ། གཏན་ལ་ཕབ་པའོ།། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཕྱག་དཔེ། རིན་པོ་ཆེའི་གཏེར་དུ་སྦས
265b7 སོ།། ། གཏེར་བརྒྱ། སྦས་བརྒྱ་གཏད་ནྱ།། ། རྒྱ་གར་སྐད་དུ། མ་ཐ་ག་ཏ་བ་ག་བན་མན་ཏྲ་བྷི་རུ་ཏྲན་ཏྲ་ན་མ། བོད་སྐད་དུ། བཅོམ་ལྡན་འདས་བདེ་གཤེགས
iiif viewer powered by OpenSeadragon
265a - 266a