| | e-texts navigator
|
265a1 མོས་པ་ཡིསཿབླ་མེད་ཧེ་རུ་བསྒྲུབ་པར་བྱ། ཨོཾ་མཧཱ་ཀྲོ་ཏ་ཧཱཿཕཊ། གསང་སྔགས་ཡི་གེ་འབྲུ་བདུན་པཿབླ་མེད་ཧེ་རུའི་གསང་སྔགས་ཡིན། མཁའ་དབྱིངས་དག
265a2 པའི་རང་བཞིན་ནིཿབརྟན་པའི་དོན་རྣམས་དག་པ་དེ། དག་པ་ཉིད་ན་དག་པ་མེདཿམི་ཤིག་པའི་ངོ་བོ་ལཿདངས་པའི་ས་བོན་ལས་བྱུང་བཿབརྟན་པའི་རང་བཞིན་འོད་འབར་བསཿགསལ་བའི་འོད་དང
265a3 བཅས་པ་སྟེ། ཡང་དག་དོན་ཆེན་ཟབ་མོའི་མཆོག། གསལ་བ་ཉིད་ན་གསལ་བ་མེད། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིསཿམངོན་རྫོགས་རྒྱལ་པོའི་ཕྱག་རྒྱར་བརྟནཿཞེས་གསུངས།
265a4 ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། མ་མོ་སྤོང་སྟོང་གྱི་ཕྱག་རྒྱའི་ལེའུ་སྟེ་དགུ་པའོ།། ། དེ་ནས་གཞན་ཡང་བཤད་བྱ་བ། ཉོན་ཅིག་འདུས་པའི་ཆོ་ག་ཆེན་རྣམསཿརྣལ་འབྱོར་སྙན་པ
265a5 སྲུང་བྱེད་ནི། དྲེགས་པ་ཀུན་འདུལ་བ་སྒྲུབ་པར་བྱ། ཨོཾ་བཛྲ་ཙན་དཱ་སརྦ་དུ་ས་སྟན་ཧཱུ~ཾ་ཕཊ། ཡི་གེ་བཅུ་པའི་གསང་སྔགས་ནི། དྲེགས་པ་ཀུན་འདུལ་གསང་སྔགས་ཡིནཿསྤྲྀ་སྔ་སྔགས
265a6 ཀྱི་རིམས་པ་གཡོས་པའི་ཚེ། རྣམ་དག་རང་གི་ངོ་བོ་དེ་ཉིད་ལེན། ངོ་བོ་ཉིད་དང་རང་གི་རང་བཞིན་མེད། བདག་རང་ཚོགས་བཅས་མ་ལུས་དེ་བཞིན་ཏེ། ཡེ་ཤེས་ཚོགས་ཆེན་རྫོགས་པོའི་རང་བའི།།
265a7 དེ་ཐོབ་འབྲས་བུ་མཐར་ཕྱིན་བདེ་བས་གང་། གཤེད་མས་སྲོག་ལ་འབེབས་པའི་རྒྱུ་རུ་བསྟནཿཅེས་གསུངས་སོ།། ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། འཇིག་རྟེན་མཆོད་རྟེན་དྲེགས་པ་ཀུན
iiif viewer powered by OpenSeadragon
264b - 265b