| | e-texts navigator
|
264b1 དེའི་དོན་ནི་བཤད་བྱ་བཿོཾ་བཛྲ་ཀི་ལི་ཀི་ལ་ཡ་ཧཱུཾ་ཕཊ། ཀི་ལ་ཡ་ནི་འབྲུ་དགུ་པཿརྡོ་རྗེ་ཕུར་བིའི་སྙིང་པོ་ཡིནཿདོན་དམ་སྙིང་པོ་ཡོངསུ་གྲུབ་པའི་ཚེཿབཟླས་དང་མ་བཟླས་ཚིག་གི་ཐ་སྙད་ཡིན
264b2 ཡེ་ནས་བཟླས་པ་རང་བྱུང་ཆེན་པོ་ཡིནཿངོ་བོ་ཉིད་ཀྱི་སྔགས་ཀྱི་རང་བཞིན་ནོ།། དེ་འདྲ་བཟླས་པ་དོན་གྱི་སྙིང་པོ་ནིཿམ་བཅོས་རང་བང་སྙིང་པོ་སྔགས་ཚིག་ཏེ་ཟབ་མོ་ཟླས་དང་མ་བཟླས་ཡིན
264b3 ཞེས་རྒྱུ་རུ་བསྟན། དེའི་རྟེན་བྱས་དམ་པའི་བྱང་ཆུབ་སེམས། ཡེ་ཤེས་སྔགས་གསལ་དོན་དམ་དབྱིངས་ནས་བསྐྱོདཿརྟེན་འབྲེལ་ལུས་ནི་བྱིན་བརླབ་ཉོན་མོངས་སྲེགཿཕྲ་མོའི་ཏིང་འཛིན་ཡི
264b4 དམ་དངོས་སུ་གསལ། བཟླས་པ་མཐར་ཕྱིན་འབྲས་བུ་ཆེན་པོ་ཡིན། རང་གི་ཟླས་པ་ཡིན་ཞེས་ནྱ་རུ་སཱན། རྣལ་འབྱོར་དམ་པ་རྣམས་ཀྱི་འདི་བཟླས་ནཿགང་གིས་བཟླས་ཀྱང་སྙིང་པོ་ལེན་པར་བྱེད།
264b5 སྔགས་ཀྱི་སྙིང་པོ་མ་ལུས་ཐམས་ཅད་ཀུནཿཡེ་ནས་སྣང་དང་མི་སྣང་མེད། རྟག་དང་ཆང་དང་ཡོད་མེད་དང་། བརྗོད་དང་སྨྲ་བསམ་ཡུལ་ལས་འདསཿརང་བཞིན་གནས་པའི་སྙིང་པོ་དེཿཡེ
264b6 ཤེས་མཆོག་ཏུ་གྱུར་པ་ལསཿརང་གི་རང་བཞིན་དེ་བཞིན་དེ། བདེན་པའི་སྙིང་པོ་རང་བཞིན་པཿཡང་དག་དོན་དུ་མཁས་པས་རྟགཿའཕྲིན་ལས་ཕུར་པའི་ཕྱག་རྒྱར་བརྟེན། ཞེས་གསུངས
264b7 ངེས་པར་འབྱུང་བ་ཕྱི་མིའི་རྒྱུད་ལས། འཕྲིན་ལས་ཕུར་བའི་ཕྱག་རྒྱའི་ལེའུ་སྟེ་བརྒྱང་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བཿཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། མ་མོའི་དོན་ལ
iiif viewer powered by OpenSeadragon
264a - 265a