| | e-texts navigator
|
232b1 མཉམ་པ་ཉིད་ལས། མི་འདའ་བས་ཏ་ལིའུ་ལྗོན་ཤིང་དང་། སེམས་ཅན་གྱི་རེ་བ་ཡིད་བཞིན་དུ་བཀོད་པས། དཔག་བསམ་ཤིང་གིས་བརྒྱན་པ། ཐམས་ཅད་ལ་དབང་བསྒྱུར་བའི
232b2 ཕྱིར།། ལྷ་ཆེན་པོ་རྣམས་ཀྱིས་བསྐོར་བ།། མི་ཤིག་ཤིང་མི་འགྱུར་བས་རྡོ་རྗེའི་ར་བ་དང་། ཉོན་མོངས་པ་བསྲེག་པའི་མེ་རིས་འབར་བའི་ར་བས་བསྐོར་བ་སྤྲུལ་ལོ།། དེ་ལྟ་བུའི་ཡེ་ཤེས
232b3 ལྔ་དང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་གཞལ་ཡས་དེར། ལྷ་ཐམས་ཅད་ཀྱི་གནས་སུ། རང་བཞིན་ཡེ་ནས་འོད་གསལ་བས་ཏི་ཟླའི་གདན་དང་། མ་ཆགས་པ
232b4 མི་འགད་ན། ས་བོན་གྱིས་རྡུལ་གྱིས་འཕྲོས་པར་གྱུར་ཏོ།། ཁྱད་པར་མི་འཇིགས་པ་བཞིས།། བདུད་བཞི་འཇོམས་པའི་རྟག་སུ།། དབུས་སུ་སེང་གེའི་ཁྲི་དང་། སྟོབས་བཅུ་དང་ལྡན་ཞིང་མི
232b5 དགེ་བ་བཅུ་འདུལ་བའི་རྟགས་སུ། ཤར་དུ་གླང་པོ་ཆེའི་མཁྲི་དང་། རྫུ་འཕྲུལ་གྱི་རྐང་པ་བཞིས་འགྲོ་བ་འདུལ་བའི་རྟགས་སུ།། ལྷོར་རྟའི་ཁྲི་དང་། དབང་བཅུ་མཐར་ཕྱིན་པས་རྒྱལ་བ་རྞ།
232b6 ། ནུབ་ཏུ་རྨ་བྱིའི་ཁྲི་དང་། འཕྲིན་ལྔལྷ་རྣམ་བཞིས་འགྲོ་བ་འདུལ་བའི་རྟགས་སུ། བྱང་དུ་གང་ཤང་གི་ཝ~ཾ་སྤྲུལ་ཞིང་བཀོད་དོ།། དེར་བདེ་བར་གཤེགས་པའི་རིགས་ལྔ། བྱང་ཆུབ་སེམས
232b7 དཔེའི་ཚོགས་དང་བཅས་པ་སྤྲུལ་ཏེ། ཆོས་ཐམས་ཅད་བདག་མེད་པ་དང་། བྱང་ཆུབ་ཀྱི་སེམས་དག་པའི་ཕྱིར། དེ་བཞིན་གཤེགས་པའི་རིགས་སྐུ་མདོག་དཀར་པོ།། དེ་བཞིན་ཉིད་ལ་ཅིས
iiif viewer powered by OpenSeadragon
232a - 233a