e-texts navigator
Collection
Volume
Page
Wylie

232a1 དང་། ཡབ་ཀྱི་བསྐུལ་བ། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས།། ཡིགེ་གསུང་གི་ཕྱག་རྒྱའི་ཚོགས།། སྤྲོས་པས་གསུང་བསྐུལ་རང་རླུད་དག། སྡུས་པ་ཆོས་ཀྱི
232a2 ཕྱག་རྒྱའི་དོན།། ཞེས་བསྐུལ་པས། ཡུམ་གྱིས་བསྐུལ་བ། ཨེ་མ་ཧོ།། རྟོག་པར་དགའ་བའི་སྙིང་པོའི་དོན།། བདེ་གཤེགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ།། འགྲོ་བ་ཀུན་གྱི་ཤེས་པ་བ་གྲོལ།། ཐུགས
232a3 ཀྱི་ཕྱག་རྒྱར་བསྟན་པའོ།། ཞེས་བསྐུལ་ནས། ཡབ་ཡུམ་གཉིས་སུ་མེད་པའི་མཁའ་ནས། བདེ་བར་གཤེགས་པའི་མཁའ་ནས། འཁོར་རྒྱལ་བ་རྒྱ་མཚོ་གཞལ་ཡས་ཁང་དང་བཅས་པ་སྤྲུལ་ལོ།།
232a4 བདེ་བར་གཤེགས་པ་ཐམས་སད་ཀྱི་གནས།། ཕོ་བྲང་ལྷུན་གྱིས་གྲུབ་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོ་གས་རྫོགས་ཤིང་། ཐུགས་རྗེ་ཆེན་པོ་ཐམས་ཅད་ལ་ཁྱབ་པས་མཐའ་དང་དབུས་མེད
232a5 པ་ཀུན་ཏུ་རྒྱས་ཤིང་། རྒྱ་ཡོངས་སུ་མ་ཆད་པ། སྟོང་པ་ཉིད་དང་། མཚན་པ་མེད་པ་དང་། སྨོན་པ་མེད་པ་དང་། འདུས་མ་བྱས་པའི་ཕྱིར་ཡེ་ཤེས་ཀྱི་སྒོ་བཞི་དང་ལྡན་པ། རྣམ་པར་ཐར་པ
232a6 བརྒྱད་ཀྱི་བཀའ་བ་དང་བཅས་པ། ཅིག་དང་དུ་མ་དང་བྲལ་ཞིང་སྤྲོས་པ་མེད་པས། དཀྱིལ་འཁོར་ཟླུམ་པོ།། ཆོས་ཀྱི་འཁོར་ལོ་འགྲོ་བ་ཡོངས་ལ་སྐོར་བའི་ཕྱིར།། ཀུན་གྱི་ཕོ་བྲང་ཡེ་ཤེས
232a7 ཀྱི་འཁོར་ལོ་གནས་པ། ཡོན་ཏན་ཚོགས་མ་ལུས་རྫོགས་ཤིང་། ཐུགས་རྗེའི་བརླབས་དང་ལྡན་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་ལས། འོད་ཟེར་སྣ་ཚོགས་འཕྲོ་བ། ཡེ་ཤེས་ཆེན་པོ




iiif viewer powered by OpenSeadragon

231b - 232b

Texts on this page

Gkk1.10 - bka' brgyad bde gshegs 'dus pa las/ rtsa ba'i rgyud kyi rgyal po