| | e-texts navigator
|
231b1 ཨེ་མ་ཧོ།། མ་ལྟར་བྱམས་པའི་སྙིང་རྗེ་ཆེན་པོ་ནི།། མཁའ་ལྟར་གོ་ཡང་འབྱེད་ཅིང་ཀུན་ལ་ཁྱབ།། རིག་པའི་སྙིང་རྗེ་ན་མཁའིའ་དབྱིང་རུམ་ནས།། ལོངས་སྤྱོད་རྫོགས་པའི་སྐུ་མཆོག་རྟེན་དུ
231b2 གསོལ།། ཧོ་ཞེས་བསྐུལ་ལོ།། དེ་ནས་བཅོམ་ལྡན་འདས་གསང་བ་གསུམ་གྱི་བདག་པོས་དེས། ཆེས་ཐམས་ཅད་ཐུགས་རྗེས་ཀུན་ལ་ཁྱབ་པ་ཞེས་བྱེ་བའི་ཏིང་ངེ་འཛིན་ལ་སྙོམས་པར
231b3 བཞུགས་སོ།། དེ་ནས་ཡང་ཡུམ་ཀུན་ཏུ་བཟང་མོས་ཀླུ་འདིས་བསྐུལ་ལོ།། ཨེ་མ་ཧོ།། ཡི་གེ་སྐུ་མཆོག་ཉི་མ་ལྟ་བུ་ལས།། སྤྲུལ་པིའི་ཆོ་འཕྲུལ་རྡོ་རྗེ་ག་ར་མཛད་ཅིང་།། རྗིད་པའི་སྐུ་མཆོག
231b4 རྡོ་རྗེ་འབར་བ་ལས།། ཐུགས་རྗེ་རོལ་པའི་སྐུ་མཆོག་བསྟན་དུ་གསོལ།། ཧོ་ཞེས་བསྐུལ་ལོ།། དེ་ནས་བཅོམ་ལྡན་འདས་གསང་བ་གསུམ་གྱི་བདག་པོ་དེས། ཆོས་ཀྱི་སྐུ་སྐྱེ་བ་མེད་པ་ལས།
231b5 ལོངས་སྤྱོད་རྫོགས་པའི་སྐུ།། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ།། སྤྲུལ་པའི་སྐུ་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོར་སྐུ་བཞེངས་པ་དང་། ཡུམ་ཀུན་ཏུ་བཟང་མོ་ལ་སླར་ཀླུ་འདིས་བསྐུའོ།།
231b6 ཨེ་མ་ཧོ།། ང་ནི་རང་བྱུང་པོའི།། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ།། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ།། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན།། ཞེས་གསུངསོ།། དེ་ནས་ཡུམ་ཀུན་ཏུ་བཟང་མོ།།
231b7 ཀླུ་འདིས་བསྐུའོ།། ཨེ་མ་ཧོ།། བདེ་མཆོག་བདེ་བ་ཡིས།། བྱང་ཆུབ་སེམས་ནི་རབ་སྤྲོས་པ།། ཐུགས་སྐུལ་རྒྱུད་སྦྱང་དབྱིངསུ་ཐིམ།། བྱང་ཆུབ་སེམས་ཀྱི་ཐིག་ལེ་གསལ། ཧོ་ཞེས་བསྐུབ
iiif viewer powered by OpenSeadragon
231a - 232a